20
Fri, Jul
34 New Articles

ྶྲིསྲིད་སྐྱོང་གིས་འཚམས་འདྲི་གནང་།

རྒྱལ་སྤྱིའི་གསར་འགྱུར།
Typography

བུ་ཁྲིད་དཀར་པོ་ཆེ་ལགས་ཐེངས་འདིར་ས་གནས་གྲོས་ཚོགས་འོས་བསྡུའི་ནང་གྲངས་ཚད་མཐོ་བོའི་ཐོག་ནས་རྒྱལ་ཁ་ཐོབ་པ་འདི་ནི་བོད་རིགས་ཤིག་ཡིན་པའི་ངོས་ནས་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་ཞིང་། ང་ཚོས་ཁོང་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་ཞེས་སྲིད་སྐྱོང་གིས་འཚམས་འདྲི་གནང་ཡོད་འདུག

དེ་ཡང་བོད་རིགས་བུད་མེད་བུ་ཁྲིད་དཀར་པོ་ཆེ་(Bhutila Karpocheལགས་ཁེ་ན་ཌའི་ཨོན་ཊེ་རིའོ་Ontario)ས་གནས་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བར་སྲིད་སྐྱོང་མཆོག་གིས་འཚམས་འདྲི་གནང་དོན། བུ་ཁྲིད་དཀར་པོ་ཆེ་ལགས་ཐེངས་འདིར་ས་གནས་གྲོས་ཚོགས་འོས་བསྡུའི་ནང་གྲངས་ཚད་མཐོ་བོའི་ཐོག་ནས་རྒྱལ་ཁ་ཐོབ་པ་འདི་ནི་བོད་རིགས་ཤིག་ཡིན་པའི་ངོས་ནས་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་ཞིང་། ང་ཚོས་ཁོང་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་དང་། སེམས་གཏིང་ནས་དགའ་བསུའི་འཚམས་འདྲི་ཞུ་བཞིན་ཡོད།

དེ་བཞིན་འབྱུང་འགྱུར་ཁོ་མོ་ལྟ་བུ་བོད་མི་གང་ཡོད་རྒྱལ་ཁབ་སོ་སོའི་ནང་གཞུང་གི་ཕྱག་ལས་གནང་མཁན་གང་མང་འཐོན་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་འཆར་སྣང་ཞིག་ཀྱང་ཡིན་ཞེས་གསུངས་ཡོད་འདུག སྤྱིར་འོས་བསྡུའི་སྔོན་དུ་བུ་ཁྲིད་དཀར་པོ་ཆེས་(Cheri DiNovo)ཞེས་པའི་ནང་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། (Parkdale-High Park)ས་ཁུལ་ནང་ལོ་ ༡༡ རིང་ཕྱག་ལས་གནང་མྱོང་ཡོད་འདུག ཕྱོགས་མཚུངས་ཨོན་ཊེ་རིའོ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་(Canadian Tibetan Association of Ontario)འགན་འཛིན་ལྷན་ཚོགས་ནང་ཕྱག་ལས་གནང་བ་དང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་(International Tibet Network)གི་ཚོགས་མི་ཡང་གནང་མྱོང་ཡོད་འདུག་པ་བཅས། །

གསལ་བསྒྲགས་ཀྱི་ས་མིག