20
Sat, Apr

ངོ་དེབ་ཀྱི་ཉིང་ལེབ་གསར་བ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ངོ་དེབ་ཀྱི་ཉིང་ལེབ་ཐོག་མར་རང་གི་མངའ་གཏོག་གི་ཐོན་རྫས་ཏེ་རིག་ལྡན་སྒྲ་སྒམ་ཐོག་སྤྱོད་གྲབ་ཡོད་འདུག

དེ་ཡང་ཉེ་བའི་ཉིན་དེ་དག་གི་རིང་ལ་ངོ་དེབ་ཚང་གིས་ཉིང་ལེབ་གསར་འབྱེད་བྱེད་པའི་ཚོགས་པ་སྒྲིག་འཛུགས་བྱེད་བཞིན་པ་ཕོམ་ཕེ་གསལ་ཁང་གིས་སྤེལ། དེ་ནི་ངོ་དེབ་རང་གི་མ་འོངས་པའི་སྲ་གཟུགས་ཐོན་རྫས་ལ་ཉིང་ལེབ་གསར་འབྱེད་པ་རེད། མིག་སྔར་ལས་ཀའི་འགོ་བརྩམས་མ་ཐག་ཡིན་ནའང་མ་འོངས་པ་ན་རང་ཚུགས་ཀྱི་ཉིང་ལེབ་གསར་འབྱེད་བྱས་པ་ན། མཉམ་འབྲེལ་ཨེན་ཐུར་དང་། ཀོ་ཐུང་ལྟ་བུའི་ཉིང་ལེབ་བཟོ་གྲྭ་ལ་བརྟེན་མི་དགོས་པར་ཁེར་ཚུགས་བཅངས་བའི་རྣམ་པ་ཡིན་འདུག གནས་ཚུལ་གསར་བ་འབྱོར་བ་ལྟར་ན། ངོ་དེབ་ཀྱི་ཉིང་ལེབ་ཐོག་མར་རང་གི་མངའ་གཏོག་གི་ཐོན་རྫས་ཏེ་རིག་ལྡན་སྒྲ་སྒམ་ཐོག་སྤྱོད་གྲབ་ཡོད་འདུག གཞན་དེང་སང་རང་ནུས་ཀྱི་ཉིང་ལེབ་གསར་འབྱེད་བྱེད་པ་ནི་ལག་རྩལ་ཁེ་ལས་པའི་གདམས་ཁ་གསར་བ་ཞིག་ཡིན་འདུག དེ་བཞིན་ཀུ་ཤུ་ཚང་གིས་༢༠༡༠་ལོ་ནས་བཟུང་རང་ནུས་ཀྱི་ཉིང་ལེབ་གསར་འབྱེད་བྱས་པ་མ་ཟད་མངའ་གཏོག་ཐོན་རྫས་མང་པོའི་ཐོག་སྤྱད་ཡོད་པ་རེད། དགོས་གྷུ་(Google)ཚང་གིས་ཀྱང་ན་ནིང་ཕྱིར་འདོན་བྱས་པའི་ཐོན་རྫས་(PIXEL 2)ཐོག་རང་ཉིད་ཀྱི་ཉིང་ལེབ་བཀོལ་སྤྱོད་བྱས་ཡོད་འདུག