19
Fri, Apr

རྒྱལ་ཁབ་ཚོས་ཚོགས་འདུ་ཚོགས་ནས་སེ་རི་ཡའི (Syria)་དམག་འཁྲུག་གི་དོན་རྐྱེན་དེ་མཚམས་འཇོག་བྱེད་དགོས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ ༢༠༡༨ ཟླ་ ༢ ཚེས་ ༢༨ ཉིན་སྤེལ། སེ་རི་ཡའི་ནང་ལ་དམག་འཁྲུག་གི་དོན་རྐྱེན་བྱུང་བཞིན་ཡོད་པ་ལ་རྒྱལ་ཁབ་མང་པོ་མོས་མཐུན་གྱིས་ཚོགས་འདུ་ཚོགས་ནས་དམག་འཁྲུག་གི་དོན་རྐྱེན་དེ་མཚམས་འཇོག་ཆེད་འབད་པ་བྱེད་དགོས།་པའི་རེ་འདུན་བཏོན་འདུག

དེ་ལ་དམག་འཁྲུག་བྱུང་ནས་ལོ་ངོ་བདུན་ལྷག་ཕྱིན་པས་སེ་རི་ཡའི་རྒྱལ་ཁབ་ཀྱི་མི་སེར་མང་པོ་རྒྱལ་ཁབ་ཕྱི་ལོག་ལ་ཕྱིན་ཚར་པ་རེད། ཡིན་ཡང་ད་དུང་སེ་རི་ཡའི་ཁྱིམ་ཚང་མང་པོ་དམག་འཁྲུག་གི་དོན་རྐྱེན་ཁྲོད་དུ་ལྷག་ཡོད་འདུག

བདུན་འདིའི་ནང་ལ་ཡོ་ཀེ(UK)ནང་དུ་ཡོད་པའི་མཱན་ཆེ་སེ་ཏྲ(Manchester)དང་གཅིག་འཚུངས་སུ་ཡོད་པའི་གྷོ་ཊ་( Ghouta)ཟེར་བའི་ས་གནས་ཀྱི་མཐའ་འཁོར་ལ་འབར་རྫས་ཀྱིས་གནོད་སྐྱོན་མང་པོ་བྱུང་བའི་གནས་ཚུལ་ཐོན་ཡོད་པ་དང་།
རོགས་སྐྱོར་བ་མང་པོས་བཤད་དོན། ཉིན་བདུན་གྱི་ནང་ལ་སེ་རི་ཡའི་མི་སེར་ ༤༠༠ ལྷག་ཤི་ཡོད་པ་དང་། མི་སེར་ ༡༠༠ ལྷག་རང་ཁྱིམ་ལས་གར་སོང་ཆ་མེད་དུ་ཕྱིན་པ་རེད། ཅེས་ཟེར་གྱི་འདུག

འགོ་ཁྲིད་མང་པོས་སེ་རི་ཡའི་དམག་འཁྲུག་གི་དོན་རྐྱེན་དེ་གླེང་སློང་བྱས་ཡོད་ཀྱང་། སེ་རི་ཡའི་དམག་འཁྲུག་དོན་རྐྱེན་དེ་ཇི་ལྟར་མཚམས་འཇོག་བྱེད་ཐུབ་མིན་ལ་ད་ལྟ་མི་སུ་གང་ཞིག་གིས་ཀྱང་བསམ་ཚུལ་བྱུང་ཡོད་མི་འདུག

UNབདེ་སྲུང་ལྷན་ཚོགས་ནི་ཡོ་ཀེ(UK)ཚུད་པའི་རྒྱལ་ཁབ་བཅོ་ལྔས་བསྒྲུབ་པ་ཞིག་རེད། དེ་དག་ནིའི་ཡོག་(New York)ནང་ལ་ཚོགས་འདུ་ཚོགས་ནས་ཉིན་གྲངས་ ༣༠ ནང་ལ་སེ་རི་ཡའི་ནང་གི་དམག་འཁྲུག་དེ་མཚམས་འཇོག་བྱེད་པར་ཐབས་བྱུས་འཐེན་གྱི་ཡོད་པ་དེས་སེ་རའི་ཡའི་མི་སེར་རྨས་སྐྱོན་ཡོད་པ་དག་སྨན་བཅོས་ལས་དྲག་ཐབས་ཤིག་ཡིན།

འབྲེལ་མཐུད།