25
Thu, Apr

༢༠༡༨ལོའི་ཟླ༡༢ཚེས་༡༨ཉིན་འཛམ་གླིང་བོད་ཀྱི་བྱིས་པའི་རྩོམ་ཡིག་དང་ཕ་སྐད་འགྲན་བསྡུར་གནང་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༢ཚེས་༡༨ཉིན། འཛམ་གླིང་བོད་ཀྱི་བྱིས་པའི་རྩོམ་ཡིག་དང་ཕ་སྐད་འགྲན་བསྡུར་ཁང་གིས་རང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཡར་རྒྱས་ཡོང་ཐབས་སུ་ལོ་ལྟར་བཙན་བྱོལ་ནང་གི་སློབ་གྲྭ་ཁག་ནས་རྩོམ་ཡིག་དང་ཕ་སྐད་འགྲན་བསྡུར་གྱི་ལས་གཞི་བརྩམ་བཞིན་ཡོད་འདུག ད་ལོ་ཡང་༧གོང་ས་༧སྐྱབས་མགོན་༧རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་ལ་ནོར་བྷེ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༢༩ འཁོར་བའི་དགའ་སྟོན་རྟེན་འབྲེལ་ཉིན་མོ་དང་སྟབས་བསྟུན་ནས་༢༠༡༨ ལོའི་འཛམ་གླིང་བོད་ཀྱི་བྱིས་པའི་རྩོམ་ཡིག་འགྲན་བསྡུར་ཐེངས་གསུམ་པ་དང་ཕ་སྐད་འགྲན་བསྡུར་ཐེངས་གཉིས་པའི་ཕུལ་བྱུང་སློབ་མ་རྣམས་ལ་གཟེངས་བསྟོད་བྱ་དགའ་ཕུལ་གནང་འདུག

དེ་ཡང་ད་ལོ་སློབ་གྲྭ་ཁག་བཅུ་ནས་འཛུལ་ཞུགས་གནང་ཡོད་པ་དང་རྩོམ་ཡིག་འགྲན་བསྡུར་ནང་ཚུད་པ་སློབ་མ་གྲངས་ ༦༣ དང་ཕ་སྐད་འགྲན་བསྡུར་ནང་ཚུད་པ་སློབ་མ་གྲངས་༣༣བཅས་ཡོད་འདུག ཨང་རིམ་དང་པོ་སོན་པ་ཕུལ་བྱུང་སློབ་མ་གྲངས་དགུ་ལ་ཧིན་སྒོར་བདུན་སྟོང་ལྔ་བརྒྱ་( ༧༥༠༠ )རེ་དང་ཕྱག་ཁྱེར་མཇལ་དར། དེ་བཞིན་ཨང་རིམ་གཉིས་པ་སོན་པའི་སློབ་མ་གྲངས་དགུ་ལ་ཧིན་སྒོར་ལྔ་སྟོང་( ༥༠༠༠ )རེ་དང་ཕྱག་ཁྱེར་མཇལ་དར། ཨང་རིམ་གསུམ་པ་སོན་པ་སློབ་མ་གྲངས་དགུ་ལ་ཧིན་སྒོར་གཉིས་སྟོང་ལྔ་བརྒྱ་( ༢༥༠༠ ) རེ་དང་ཕྱག་ཁྱེར་མཇལ་དར་བཅས་ཁྱོན་བསྡོམས་ཧིན་སྒོར་གཅིག་འབུམ་སུམ་ཁྲི་ལྔ་སྟོང་( ༡༣༥༠༠༠ )ཕུལ་གནང་ཡོད་པ་དང་གཞན་འགྲན་སྡུར་ནང་ཚུད་པ་རྣམས་ལའང་བསྔགས་བརྗོད་དང་ཡི་རངས་གྲངས་མེད་ཅིག་གི་ཚབ་ཏུ་ཧིར་སྒོར་( ༢༥༠ ) དང་མཇལ་དར་རེ་ཕུལ་བས་ཁྱོན་བསྡོམས་ཧིན་སྒོར་གཅིག་འབུམ་ལྔ་ཁྲི་( ༡༥༠༠༠༠ ) ཐམ་པ་བྱ་དགའ་གསོལ་རས་གནང་འདུག

ད་ཐེངས་འགྲན་བསྡུར་འདི་ནི་ཧ་ཅང་ལེགས་པོ་བྱུང་འདུག་པས་མ་འོངས་པ་འདི་ལས་གང་ལེགས་ཡོང་བའི་སྨོན་འདུན་དང་འདས་མ་དར་གསུམ་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་སྙིང་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་མ་འོངས་བོད་ཀྱི་སོན་རྩ་རྣམས་བོད་ཡིག་བོད་སྐད་ཐོག་དོ་སྣང་ཆེན་པོ་ཡོང་བའི་རེ་བ་ཞུ་བཞིན་འདུག

གསར་འགོད་པ་བྱམས་པ།