23
Tue, Apr

༢༠༡༨ལོའི་ཟླ་༩ཚེས་༧ཉིན། ༸གོང་ས་མཆོག་གསུང་ཆོས་ལ་ཆིབས་སྒྱུར་བསྐྱངས་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༩་ཚེས་༧་ཉིན། སངས་རྒྱས་བསྐྱངས་ཀྱི་རྩ་ཤེས་འགྲེལ་བའི་བཀའ་ཁྲིད་ཀྱི་ཉིན་མཐའ་མར་དེའི་སྔ་དྲོར། དད་ལྡན་མང་ཚོགས་ཀྱིས་ཐད་ཀར་༸གོང་ས་མཆོག་ལ་བཀའ་འདྲི་ཞུ་བའི་ལས་རིམ་དུ། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་ཆོས་ཞུ་བ་འགས་༸གོང་ས་མཆོག་ལ་ཆོས་ཉམས་ལེན་གྱི་ཐད་ནས་བཀའ་འདྲི་ཞུས།

དེ་ཡང་ཆོས་ཞུ་བ་ཞིག་གིས། ཕྱིའི་དངོས་པོ་དང་ནང་སེམས་ཀྱི་ཡོན་ཏན་གཉིས་ཇི་ལྟར་ཟུང་འབྲེལ་དང་སྙོམས་པོར་གནས་ཐུབ་མིན་གྱི་སྐོར་ནས་བཀའ་འདྲི་ཞུས་པ་ན། ༸གོང་ས་མཆོག་གིས་འདི་ལྟར་གསུངས། ཆོས་ཞེས་པའི་དོན་ངོ་མ་ནི། སེམས་བཟང་པོ་བྱེད་པ་དང་། རང་གི་ནུས་ཚོད་ཀྱིས་གཞན་ལ་ཕན་འདོགས་པ། དེ་ལྟར་ཕན་འདོགས་མ་ཐུབ་ནའང་། གཞན་ལ་གནོད་མི་བྱེད་པ་འདི་ནི་ཆོས་ཉམས་ལེན་གྱི་སྙིང་པོ་དེ་ཡིན། དེར་བརྟེན། རང་གི་ལས་གནས་དང་འཚོ་ཐབས་ཅི་ཞིག་ཡིན་ཡང་། ལྷད་མེད་པའི་དེ་འདྲའི་ཀུན་སློང་ཞིག་གི་ངང་ནས་ཉིན་རེའི་འཚོ་བ་སྐྱེལ་དགོས། འདི་ནི་ང་ཚོའི་ཉིན་རེའི་འཚོ་བ་དང་ཆོས་ཉམས་ལེན་བྱེད་པ་གཉིས་ཟུང་དུ་སྦྲེལ་བ་ཞིག་ཡིན། ཆོས་ཉམས་ལེན་ཞེས་པ་ནི། གཅིག་པུར་མིག་བཙུམ་ཞིང་ལུས་ཀྲོང་ཀྲོང་ངང་བསྡད་དེ། སེམས་ནས་སྒོར་མོ་ཁོ་ན་དྲན་པ་དེ་མིན། ཆོས་ཉམས་ལེན་ནི་རང་གི་ཉིན་རེའི་འཚོ་བའི་ཁྲོད་ནས་བྱེད་དགོས་པ་ཞིག་ཡིན་ཞིང་། དཔེར་ན། སྒོར་མོ་གསོག་པའི་སྐབས་སུ་ཡིན་ནའང་། སེམས་པ་རྣམ་དག་དང་དྲང་པོ་དྲང་བཞག་གནང་དགོས། མ་མཐའ་ཡང་ཀུན་སློང་གཙང་མ་ཞིག་གི་སྒོ་ནས་སྒོར་མོ་མཁོ་སྒྲུབ་བྱེད་དགོས། སྒོར་མོ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་གི་ས་ཕྱོགས་གང་སར་ད་དུང་ཤེས་ཡོན་སློབ་གསོའི་མཐུན་རྐྱེན་མ་རེག་པའི་དབུལ་ཕོངས་ཀྱི་མི་དུང་ཕྱུར་མང་པོ་འདུག ཁྱད་པར་དུ་ཨ་ཧྥེ་རི་ཁར་དབུལ་ཕོངས་ཀྱི་མི་མང་པོ་རེད། དེ་དག་ལ་སྒོར་མོས་རོགས་བྱས་ཏེ་ཕན་ཐོགས་དགོས་ཀྱི་འདུག དེར་བརྟེན། སངས་རྒྱས་དང་ཆོས་ཀྱི་བསླབ་བྱ་གཙོ་བ་དེ། སེམས་པ་བཟང་པོ་དང་། དྲང་པོ་དྲང་བཞག་གནང་སྟེ། རང་གི་ནུས་ཚོད་ཀྱིས་གཞན་ལ་ཕན་འདོགས་པ་དེ་ཡིན། ཞེས་དང་།

ཡང་ཆོས་ཞུ་བ་ཞིག་གིས་བྱིན་རླབས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་འདི་ལྟར་གསུངས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཤིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། ཆོས་ཉིད་བདེན་པར་བསྟན་པས་གྲོལ་བར་འགྱུར། །ཞེས་གསུང་བ་ལྟར། བྱིན་རླབས་ནི་རང་གིས་བཟོ་དགོས་པ་ལས། གཞན་ཞིག་ནས་ཡོང་རྒྱུ་མེད། སངས་རྒྱས་དང་ཡང་ན་ཕྱི་ཡུལ་ནས་བྱིན་རླབས་འཚོལ་བ་ནི་དངོས་ཡོད་དང་མཐུན་པ་ཞིག་མ་རེད། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་དེ་ལྟར་གསལ་པོ་གསུངས་ཏེ། སེམས་ལ་ཇི་ལྟར་འགྱུར་བ་གཏོང་ཚུལ་དེ་གསུངས་ཡོད། དེ་ནས་འཇིག་རྟེན་བྱེད་པོར་དད་པ་དང་ཡིད་ཆེས་བྱེད་མཁན་ཞིག་ཡིན་ན། འཇིག་རྟེན་བྱེད་པོར་སྨོན་ལམ་རྒྱག་རྒྱུ་ཁོ་ན་རེད། ཡིན་ནའང་། ནང་པ་དེ་འདྲ་མ་རེད། བཅོམ་ལྡན་འདས་ཧ་ཅང་སྤྱང་གྲུང་དང་ལྡན་པ་ཞིག་རེད། འགན་འཁྲི་ཆ་ཚང་ང་ཚོ་མི་སོ་སོ་རང་ཉིད་ཀྱི་སྟེང་དུ་གནང་ཡོད། ཅེས་བཀའ་བསྩལ།

དེའི་རྗེས་ཆོས་ཞུ་བ་ཞིག་གིས་བྱམས་པ་དང་སྙིང་རྗེའི་སྐོར་ནས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་ནས་འདི་ལྟར་གསུངས། བྱམས་དང་སྙིང་རྗེ་ནི། ཐོག་མར་མི་སྒེར་གཅིག་ལ་བསྐྱེད་པའི་སྒོ་ནས་འགོ་རྩོམ་དགོས། དཔེར་ན། མཚམས་རེར། གཞན་ཕྱོགས་ལ་སེམས་མི་སྤྲོ་བ་དང་ཡིད་མི་བདེ་བ་སྐྱེས་སྐབས། ཁྱོད་ཀྱིས་གཞན་ལ་ངན་སེམས་བཅངས་ཏེ་གཞན་ལ་སྔར་ལས་ལྷག་པའི་སྡུག་བསྔལ་མང་དུ་འགྲོ་བའི་སྨོན་ལམ་ཡང་རྒྱག་སྲིད། སྐབས་དེར། ཁྱོད་ཀྱིས་འདི་ལྟར་བསམ་བློ་གཏོང་དགོས། མི་གཞན་དེའང་རང་ཉིད་དང་འདྲ་བར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཞིག་ཡིན་པ་དང་། ད་དུང་སངས་རྒྱས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་གཅིག་མཚུངས་ཡིན་པར་གསུངས་ཡོད། འདི་འདྲའི་ཀུན་སློང་ཞིག་གི་ངང་ནས་རང་ཉིད་མི་དགའ་སའི་མི་དེར་བྱམས་པ་དང་སྙིང་རྗེ་བསྐྱེད་དགོས། དེ་ནས་རིམ་གྱིས་ཁྱིམ་མཚེས་དང་སྤྱི་ཚོགས། འགྲོ་བ་མིའི་ཡོངས་ལ་དེ་ལྟར་བྱམས་པ་དང་སྙིང་རྗེ་བསྐྱེད་དགོས། མཐའ་མར་འཇིག་རྟེན་ཁམས་ཀུན་ཏུ་གནས་པའི་འགྲོ་བ་སེམས་ཅན་ཡོངས་ལ་དེ་ལྟར་བྱམས་པ་དང་སྙིང་རྗེ་བསྐྱེད་དགོས། དེ་ཡང་། རང་ཉིད་ཀྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རྒྱུ་མཚན་དུ་བཀོད་དེ། འགྲོ་བ་ཀུན་ཀྱང་རང་ཉིད་དང་འདྲ་བར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་སྙམ་པའི་བློ་དེ་བསྐྱེད་དེ། འགྲོ་བ་ཡོད་དོ་ཅོག་གཏན་གྱི་བདེ་བ་ཐོབ་པའི་ཕྱོགས་ལ་སེམས་བསྐྱེད་དགོས། ཞེ