19
Fri, Apr

བོད་སྨན་རྕིས་ཁང་གི་འགན་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༨་ཚེས་༣་ཉིན་བཞུགས་སྒར་དུ་ཡོད་པའི་བོད་སྨན་རྕིས་ཁང་གིས་༢༠༡༨ལོ་ཟླ་༨ཚེས་༣་ནས་ཉིན་གསུམ་རིང་༼   བོད་གསོ་བ་རིག་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བཞི་པ་  ༽  དེ་རྒྱ་ནག་རྒྱལ་ས་པེ་ཅིང་དུ་འཚོགས་ཀྱི་ཡོད་པ་དང་བསྟུན་ནས་བོད་སྨན་རྕིས་ཁང་འགན་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་སོང་བའི་ནང་དུ།

དེ་ཡང་གོང་ཚེས་ཉིན་བཞུགས་སྒར་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ་དབུས་བོད་སྨན་རྕིས་ཁང་འགན་འཛིན་བཀྲ་ཤིས་ཚེ་རིང་མཆོག་གིས་ཚོགས་འདུ་དེ་ནི་རྒྱ་ནག་གཞུང་གི་འབྲེལ་མཐུད་པ་བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་དང་། ཁོང་གི་འབྲེལ་མཐུད་པ་ཨ་རིར་བཅའ་བཞུགས་བོད་གཞུང་སྨན་རྩིས་ཁང་ནས་གསོ་སྐྱོང་གནང་བའི་སྨན་པ་གཡང་འབུམ་རྒྱལ་ལགས། དེར་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནས་སྨན་པ་དང་ཚན་རིག་པ་སོགས་ཕེབས་ཡོད་སྟབས་སྤྱིའི་ཆ་ནས་བོད་སྨན་ཁྱབ་བསྒྲགས་ཡོང་རྒྱུའི་དགེ་ཕན་ཡོད།

འོན་ཀྱང་། རྒྱ་གཞུང་གིས་བོད་རིགས་བེད་སྤྱོད་བཏང་སྟེ་རྒྱལ་སྤྱིའི་ནང་བོད་སྨན་ཐོག་ཕུགས་རྒྱང་རིང་པོའི་བྱེད་ཕྱོགས་ཉེན་ཁ་ཅན་བཅངས་ཡོད་པ་ང་ཚོས་ཤེས་འདུག བར་ལམ་ནས་བོད་ནང་བོད་ཀྱི་གསོ་བ་རིག་པའི་སྡེ་ཚན་འདྲ་མིན་ཐོག་རྒྱ་ནག་གཞུང་གིས་མངོན་གསལ་མེད་པའི་ལས་འཆར་བརྩམས་ཀྱི་ཡོད་པ་དང་། རྒྱ་ནག་དམག་དཔོན་ཟུར་པ་བགྲེས་ཡོལ་དུ་ཕེབས་པ་ཁག་བོད་པའི་སྨན་ཁང་གི་སྡེ་ཙན་ཁག་གི་ཕྱི་འབྲེལ་འགན་འཛིན་ལྟ་བུ་འཇོག་སོགས་ནས་རྟོགས་ཐུབ། བོད་གསོ་རིག་པའི་བསྟན་པ་དར་གུད་སྤེལ་གསུམ་གྱི་བྱུང་རབས་དེ་དག་ནག་གསུབ་གཏོང་མི་ཐུབ་པའི་གནས་སྟངས་ཤིག་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུངས་དོན། ༢༠༡༧ལོར་ཨ་རི་ཧར་ཝར་གཙུག་ལག་ཁང་བགྲོ་གླེང་ཚོགས་འདུའི་ཐོག་རྡ་རམ་སའི་སྨན་རྩིས་ཁང་ནས་གཏམ་བཤད་གནང་མཁན་སྨན་པ་གདན་ཞུ་བགྱིས་ན་གང་ཅིའི་ཐད་དཀའ་ངལ་ཡོད་ལུགས་སོགས་འབྲེལ་མཐུད་པར་གོང་རིམ་ནས་བཀོད་མངགས་བྱེད་སྟངས་དང་། ཚོགས་བཅར་སྨན་པ་ཞིག་གིས་༧གོང་ས་མཆོག་གི་བོད་ཀྱི་གསོ་བ་རིག་པའི་ཐོག་བཀའ་སློབ་གནང་བ་ཞིག་ལུང་དྲངས་སྐབས་ཆབ་སྲིད་ཀྱི་སྐད་ཆ་མ་ཤོད་ཅེས་ལབ་ཡོད་ཚུལ་བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་ནས་གསུངས་སྟངས་ལ་གཞིགས་ན་སྐབས་༧རྒྱལ་དབང་མཆོག་གིས་བོད་སྨན་ཐོག་བཀའ་སློབ་བསྩོལ་བ་དེ་ཡང་ཆབ་སྲིད་ཁོ་ནར་ངོས་འཛིན་བྱེད་པ་འདི་བློ་རྒྱ་ཆུང་བའི་རྟགས་སུ་མཐོང་།

བོད་ཀྱི་གསོ་བ་རིག་པར་རྒྱལ་སྤྱིའི་ནང་དགའ་མོས་བྱེད་མཁན་མང་ནས་མང་དུ་འགྲོ་བའི་དུས་འདིར་དམིགས་བསལ་གཞིས་བྱེས་གཉིས་ཀྱི་བོད་ལུགས་སྨན་པ་རྣམས་ནས་རིག་གཞུང་འདི་ཉིད་སྲུང་སྐྱོབ་དང་། མཚན་ངན་མི་ཡོང་བ་ཚང་མས་ཡིད་གཟབ་གནང་དགོས་འདུག བོད་དུ་ཡོད་པའི་སྨན་པ་རྣམས་གཞན་དབང་སྟབས་བསྟུན་བྱེད་དགོས་ཀྱི་ཡོད་པ་ང་ཚོས་གསལ་པོ་ཤེས་རྟོགས་ཡོད། འོན་ཀྱང་། གང་ཐུབ་འཐུབ་འབད་བརྕོན་ཞུ་རྒྱུ་ཡིན། དཔལ་འབྱོར་ཁེ་ཕན་ལ་རྔམས་སྟེ་རྒྱ་མིའི་ཚོང་པ་དང་རྒྱ་གཞུང་གི་འདོད་པ་བསྟུན་མཁན་དེ་འདྲ་མང་དུ་འགྲོ་འདུག་པ་ང་ཚོ་རང་དབང་ལུང་པར་ཡོད་པའི་གོས་བ་རིག་ཞབས་འདེགས་ཞུ་མཁན་ཚོས་རྒྱལ་སྤྱིའི་ནང་བོད་ཀྱི་གསོ་བ་རིག་བསྟན་པའི་རྩ་དོན་ལ་དམིགས་ཏེ་སྐད་མ་རྒྱག་ན་གཞན་རྒྱག་མཁན་མེད་པ་གསལ་པོ་རེད། ཅེས་བརྗོད་གནང་སོང་།