19
Fri, Apr

ྦུད་མེད་ཚོགས་པའི་ཚོགས་གཙོས་འབོད་སྐུལ་ཞུ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དེ་རིང་འཛམ་གླིང་འཁོར་ཡུག་ཉིན་མོ་དང་སྟབས་བསྟུན་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་དེ་རིང་སྟེ་ལོ་རེའི་ཕྱི་ཟླ་དྲུག་པའི་ཕྱི་ཚེས་༥ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ཉིན་མོ་འདི་དང་བསྟབས་བསྟུན་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ངྷ་ས་མག་ངྒན་ལམ་མདོ་རུ་ཁོར་ཡུག་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་བ་དང་། ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་རྒྱང་སྒྲོག་ཁ་པར་ནང་ནས་དེ་རིང་འཛམ་གླིང་ཁོར་ཡུག་ཉིན་མོའི་བྱུང་རིམ་མདོར་ཙམ་དང་ང་ཚོ་མི་སྒེར་རེ་རེ་ལ་ས་གནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་མོ་ཡོད་པ་གང་དེ། མིང་ཙམ་མིན་པར་མི་སྒེར་རེ་རེ་ནས་ལག་བསྟར་དང་སྣང་འཇོག་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་།

དེ་བཞིན་ང་ཚོས་རྒྱུན་དུ་ནས་འགྱིག་ཐུམ་ཅན་གྱི་མངར་ཟས་ལོངས་སུ་སྤྱོད་པ་དང་དེའི་འགྱིག་ཤོག་གང་ས་གང་དུ་གཡུགས་ནས་མི་མ་ཡིན་པའི་ཁོར་ཡུག་ལ་གནས་སྡོད་བྱེད་པའི་སེམས་ཅན་རྣམས་ལ་འཚེ་བ་ཆེ་བ་མ་ཟད། འགྱིག་གི་རྒྱུས་སྤུས་ནི་རུས་མྱག་འགྲོ་བར་དཀའ་བས་ཁོར་ཡུག་ལ་གནོད་པ་ཆེ་བས་ད་ནས་བཟུང་ཀུན་གྱིས་འགྱིག་ཤོག་བེད་སྤྱོད་གཏོང་བ་གང་ཐུབ་ཐུབ་ཀྱིས་ཉུང་དུ་གཏོང་རོགས་ཞེས་འབོད་སྐུལ་ཞུས་སོང་། དེ་ལྟར་སེམས་ཅན་བྱ་བྱེའུ་སོགས་ཀྱིས་འགྱིག་གམ་གད་སྙིགས་རིགས་བཟས་ཏེ་ཤི་ཟིན་པའི་པར་རིས་ཁག་ཅིག་འགྲེམ་སྟོན་བྱས་སོང་། ཡང་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་མུ་མཐུད་དུ་བོད་ནི་འཛམ་གླིང་དང་ལྷག་པར་ཨེ་ཤ་ཡའི་ཆུ་མཛོད་ལྟ་བུ་་ཡིན་པས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པ་ཤིན་ཏུ་གལ་ཆེ་ཡིན་རབས་དང་དེ་བཞིན་རྒྱ་གར་ནང་ཡིན་ན་ཆུ་བོ་དང་གཙང་བོ་རྣམས་བདག་གཉེར་བྱ་དགོས་པ་གལ་ཆེ་ཚུལ་སོགས་གསུངས་བཤད་གནང་སོང་།