16
Tue, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༡༢ཚེས་༨ཉིན། བོད་མདོ་སྨད་རྔ་པ་ནས་ཡིན་པའི་གཞོན་སྐྱེས་འབྲུག་ཁོ་ཞེས་པ་ཞིག་གིས་རྒྱ་གཞུང་གི་དྲག་གནོད་སྲིད་ཇུ་ལ་ངོ་རྒོལ་ཆེད་སྐུ་ལུས་མེར་བསྲེག་གནང་ཡོད་འདུག ད་ཆར་ཁོང་གིས་གནས་སྟངས་དང་ཤི་གསོན་སོགས་གང་ཡང་ཤེས་རྟོགས་བྱུང་མི་འདུག

དེ་ཡང་ཟླ་འདིའི་ཚེས་༨་ཡི་དགོང་མོ་ཞིག་ལ་བོད་མི་ཞིག་གིས་སྐད་འཕྲིན་རྒྱབ་ལོག་ལ་རང་ལུས་མེར་བསྲེགས་གཏོང་མཁན་གྱི་པར་བཞག་ནས་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་བཞག་ཡོད་པ་དང་། འབྲུག་ཁོ་ནི་བོད་རྔ་བ་རྫོང་སོ་མ་རུ་ནས་ཡིན་པ་ཙམ་ལས། གནས་ཚུལ་དེ་བྱུང་རྗེས་ས་གནས་ལ་དྲ་རྒྱ་དམ་བསྒྲགས་དང་དམག་མིས་སྔར་ལས་དམ་དྲག་བཀག་སྡོམ་བྱེད་བཞིན་ཡོད་པས། ཁོང་གི་ད་ལྟའི་འཆི་གསོན་གྱི་གནས་སྟངས་དང་ཕ་མ་སུ་ཡིན་དང་སྡེ་བ་གང་ཡིན་སོགས་གང་ཡང་ཤེས་རྟོགས་བྱུང་མི་འདུག

རྒྱ་གཞུང་གི་དྲག་གནོད་ཀྱི་སྲིད་ཇུ་ལ་ངོ་རྒོལ་བྱས་ནས་ད་བར་བོད་ནང་ཁྱོན་རང་ལུས་མེར་བསྲེགས་གཏོང་མཁན་༡༥༤བྱུང་ཡོད་པ་དང་༡༢༩་འདས་གྲོངས་སུ་ཕྱིན་ཡོད་པ་རེད་།