20
Sat, Apr

བོད་གངས་རི་ཇོ་མོ་གླང་མ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠ཚེས་༢༢ཉིན། བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གཞུང་གིས་ལོ་རྗེས་མ་ནས་བོད་གངས་རི་ཇོ་མོ་གླང་མའི་ཉེ་མཁྲིས་སུ་ཡོད་པའི་སྒར་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་བའི་རླངས་འཁོར་རྣམས་འགོག་རྒྱུ་ཡིན་པ་དང་། དེའི་རྒྱུ་མཚན་གཙོ་བོ་ནི་ས་གནས་དེར་འབགས་བཙོག་ཉུང་དུ་གཏོང་བའི་ཆེད་དུ་ཡིན་སྐོར་བཤད་འདུག

དེ་ཡང་རྒྱ་གཞུང་གིས་ལོ་རྗེས་མ་ནས་བོད་གངས་རི་ཇོ་མོ་གླང་མའི་ཁོར་ཡུག་ལ་གནོད་པའི་ཡུལ་སྐོར་སྤྲོ་འཆམ་པའི་རླངས་འཁོར་རྣམས་འགོག་འཆར་ཡོད་པ་དང་། འཁོར་ལོ་བཞི་ཅན་གྱི་གློག་འཁོར་འགྲོ་ཆོག་གི་ཡོད་པ་བཀོད་འདུག འཁོར་ལོ་བཞི་ཅན་གྱི་གློག་འཁོར་དེ་ཚོ་ཡུལ་མི་དཔལ་འབྱོར་གནས་སྟངས་སྐྱོ་བོ་ཡིན་པ་རྣམས་ལ་གླ་གཏོང་བྱེད་ཀྱི་ཡོད་པར་བརྗོད་འདུག

ཇོ་མོ་གླང་མ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་རྩེ་གཙོ་བོ་ཞིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་དང་བལ་པོ་གཉིས་ཀྱི་ས་མཚམས་སུ་ཡོད། རི་བོ་འདི་འཛམ་གླིང་ཧྲིལ་བོའི་རི་བོ་མཐོ་ཤོས་ཏེ། དེའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་ ༨༨༤༨.༡༣ཡིན་ཞིང་། ལོ་རེར་གནས་མཇལ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་ཡོང་གི་ཡོད་ལ། དེ་ཡང་༢༠༡༧ལོར་གངས་རི་ཇོ་མོ་གླང་མར་འཛགས་མཁན་༤༠༠༠༠་བྱུང་ཡོད་པ་དང་། ཁྱོན་མི་༡༠༠༠༠༠་དེར་འཇལ་བ་དང་སྤྲོ་འཆམ་དུ་སླེབས་འདུག གངས་རི་ཇོ་མོ་གླང་མོའི་ཉེ་འདེབས་སུ་གད་སྙིགས་ཧ་ཅང་མང་པོ་སྟབས། ལོ་འདིའི་ཟླ་༤པ་ནས་མིས་བཟོས་གད་སྙིད་གཙང་བཟོ་བྱས་ཡོད་སྐོར་བཀོད་འདུག