18
Thu, Apr

བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པས་དྲ་ལམ་བརྒྱུད་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁོང་ལ་མི་ལོ་ལྔའི་དུས་བཀག་ཁྲིམས་ཐག་བཅད་པར་ངོས་ལེན་མེད་པའི་ཐོག་ནས་གོང་གཏུགས་བྱས་ཡོད་པ་དེར་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཟླ་འདིའི་ཚེས་༡༣ཉིན་ཁས་ལེན་བྱེད་མེད་པ་གསལ་འདུག

དེ་ཡང་༢༠༡༨ལོའི་ཟླ༨་ཚེས་༢༣ཉིན། བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ལིང་ཞོ་ཇུང་(liang xiaojun)ལགས་ཀྱིས་འཕྲུལ་སྒྲ་(twitter) དྲ་ལམ་བརྒྱུད་ནས་གནས་ཚུལ་སྤེལ་བའི་ནང་། བཀྲ་ཤིས་དབང་ཕྱུག་ལགས་དང་ཁྲིམས་རྩོད་པ་ཁོང་རྣམ་གཉིས་ཀྱིས་གོང་དུ་ཞུ་གཏུག་བྱས་པ་དེ་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ངོས་ལེན་བྱས་མེད་པ་དང་ཁོང་གིས་ཞུ་གཏུག་གི་ནང་དོན་ནི་ལོག་བཤད་དང་། སྨྲ་བརྗོད་རང་དབང་ལས་ཚད་བརྒལ་བ། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བདེ་འཇགས་སོགས་ལ་གནོད་པའི་བྱ་སྤྱོད་ཡིན་པ་ཁ་གཡོག་བྱས་ཡོད་འདུག

སྤྱི་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཞུ་གཏུག་ཡིག་ཆ་དག་ལོ་འདིའི་ཟླ༧ཚེས་༣༠ཉིན་ནས་ངོས་ལེན་བྱས་མེད་པ་དང་། དེ་རྗེས་ཟླ༨ཚེས་༡༣ཉིན་གཞི་ནས་ཡུལ་ཤུལ་བཀག་སྐྱིལ་ལྟེ་གནས་ཁང་དུ་གསལ་བསྒྲགས་བྱས་ཡོད་པ་དང་ཁོང་གི་ནང་མི་རྣམས་ལ་ཉན་བཅུག་མེད་པ་རེད། ཅེས་བརྗོད་འདུག