20
Sat, Apr

བཙན་འཁྲིད་བྱས་ཟིན་པའི་དགེ་འདུན་པ་བློ་བཟང་ལྷུན་འགྲུབ་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༣།༡༢ཉིན་སྤེལ། ད་ལོའི་སུམ་བཅུའི་དུས་དྲན་ལ་ཉེ་སྐབས་སུ་དབོན་པོ་དགོན་པར་བློ་བཟང་ལྷུན་འགྲུབ་ཞེས་པའི་གྲྭ་བ་ཞིག་རྒྱ་ནག་གིས་བཙན་འཁྲིད་བྱས་པའི་སྐོར་གྱི་གནས་ཚུལ་ཞིག་འདི་ག་གསར་ཁང་དུ་འབྱོར་སོང་།

དེ་ཡང་འབྲེལ་ཡོད་ཀྱིས་མུ་མཐུད་དུ་བརྗོད་པར། ཕྱི་ལོ་ ༢༠༡༨ ཟླ་ ༠༣ ཚེས་ ༠༩ རྫ་སྨད་དབོན་པོ་དགོན་གྱི་གྲྭ་བློ་བཟང་ལྷུན་འགྲུབ་ལགས་དབོན་པོ་དགོན་པའི་ནང་དུ་འཛིན་བཟུང་བྱས་ཡོད་ཀྱང་། ཅིས་ཕྱིར་འཛིན་བཟུང་བྱས་པའི་རྒྱུ་མཚན་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད་འདུག
ད་ལྟའི་ཆར། སེར་ཤུལ་རྫོང་ཁོངས་སུ་དྲ་རྒྱ་བཀག་འགོག་བྱས་ཡོད་པར་བརྟེན་ས་ཁུལ་ཁག་གི་གནས་ཚུལ་རྒྱུས་ལོན་བྱེད་ཐབས་རྒྱུ་མི་འདུག་པ་བཅས།།