20
Sat, Apr

བོད་ཀྱི་ལུས་རྩལ་པ་གྲགས་ཅན་ཆོས་སྐྱིད་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༣།༠༧ ཉིན་སྤེལ། བོད་ཀྱི་ལུས་རྩལ་པ་གྲགས་ཅན་ཆོས་སྐྱིད་ལགས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲོ་རྩལ་འགྲན་བསྡུར་ཁྲོད་དུ་ཕུལ་བྱུང་ལུས་རྩལ་པ་དྲག་གྲོས་རྣམས་མཉམ་འགྲན་བསྡུར་བྱས་ཏེ་མཐར་ཨང་དང་པོ་ཐོབ་པའི་གནས་ཚུལ་འདུག

འདི་ལོའི་ཕྱི་ཚེས་ ༣ ཉིན། རྒྱ་ནག་རྒྱལ་ཡོངས་ཀྱི་འགྲོ་རྩལ་བྱ་དགའ་ཆེན་མོའི་འགྲན་བསྡུར་དང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་གི་འགྲོ་རྩལ་ཐུན་མོང་གཟེངས་རྟགས་འགྲན་བསྡུར་གྱི་དཔྱད་འདེམས་འགྲན་བསྡུར་ཨན་ཧུའེ་ཧོང་ཧྲན་དུ་འགོ་བཙུགས་ཏེ། བོད་ཀྱི་ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་ལགས་ཞིན་ཁོའུ་འཛམ་གླིང་གཟེངས་རྟགས་འགྲན་སྡུར་གྱི་ཨང་དང་པོ་ཐོབ་མཁན་ལུས་རྩལ་པ་དབྱང་ཅ་ཡུས་ལས་རྣམ་པར་རྒྱལ་ཏེ་སྐྱེས་མའི་སྤྱི་ལེ་ ༢༠ ཡི་རྒྱུགས་ཐང་ལས་ཨང་དང་པོ་ཐོབ་ཡོད་འདུག

དེ་ཡང་། སྐྱེས་མའི་སྤྱི་ལེ་ ༢༠ ཡི་འགྲན་བསྡུར་ཁྲོད་ཞིན་ཁོའུ་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གཉིས་ལ་ཨང་དང་པོ་ཐོབ་མཁན་དབྱང་ཅ་ཡུས་དང་། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་མཁན་ཆོས་དབྱིངས་སྐྱིད།  པེ་ཅིང་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་ཐོབ་མཁན་ལུའི་ཞིའུ་ཀྲི་བཅས་ལུས་རྩལ་པ་གྲགས་ཅན་མང་པོ་འདུས་ཡོད་པ་རེད་འདུག

ཐེངས་འདིའི་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོ་དང་གཉིས་པ་གཉིས་ཀྱི་གྲུབ་འབྲས་ནི་ཆུ་ཚོད་ ༡ དང་སྐར་མ་ ༢༧ སྐར་ཆ་ ༣༦ ཡིན་ལ། ཤན་འབྱེད་པའི་མཐའ་གནས་ཀྱི་བརྙན་རིས་ལ་བལྟས་རྗེས་ཆོས་དབྱངས་སྐྱིད་སྔོན་ལ་ས་རྟགས་ལས་བརྒལ་བར་ཐག་བཅད་ནས་ཨང་དང་པོ་བླངས་ཤིང་། ཡུན་ནན་རུ་ཁག་གི་ཝང་ཡེང་ལིག་ནི་ཆུ་ཚོད་ ༡ སྐར་མ་༢༨ སྐར་ཆ་ ༣༧ གྲུབ་འབྲས་ཀྱིས་ཨང་གསུམ་པ་ཐོབ་ཡོད་པ་བཅས།།