19
Fri, Apr

བོད་ཀྱི་སྐད་ཡིག་སྲུང་སྐྱོབས་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་སུ་ཁྲིམས་བཤེར་བྱས་པ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༠༤ཉིན་སྤེལ། བོད་ཀྱི་སྐད་ཡིག་སྲུང་སྐྱོབས་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལས་སུ་ཁྲིམས་བཤེར་བྱས་ཏེ་ཁྲིམས་ཐག་གཅད་པའི་སྐོར་གསལ་ཁ་མི་འདུག

དེ་ཡང་འདི་ཟླའི་ཕྱི་ཚེས་ ༠༤ ཉིན། བོད་ཀྱི་སྐད་ཡིག་སྲུང་སྐྱོབས་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གཞུང་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནང་མཐའ་མའི་ཁྲིམས་བཤེར་བྱས་ཏེ། ཁྲིམས་ཐག་གཅོད་པའི་དུས་ཚོད་ངེས་གཏན་བྱས་མི་འདུག

གོང་ཚེས་ཉིན་གྱི་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་མཐའ་མའི་ཁྲིམས་བཤེར་གྱི་དུས་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་འཚབ་དང་འབྲེལ་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་དྲང་བདེན་གྱི་ལམ་ནས་ཐག་གཅོད་ཡོང་དགོས་པའི་རེ་འདུན་གནང་ཡོད་འདུག

དེ་ཡང་བོད་རང་བཙན་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་རྒྱལ་གཅེས་པ་ཁོང་གི་ཆེད་དུ། འཛམ་གླིང་གི་ཡུལ་གྲུ་གང་སར་བཀྲ་ཤིས་དབང་ཕྱུག་ལགས་སུ་ནག་ཉེས་གང་ཡང་མེད་པའི་ཐོག་གློད་དགོས་པའི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་དང་། ངྷ་སར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་བཀྲ་ཤིས་དབང་ཕྱུག་ལགས་ཁྲིམས་བཤེར་མ་བྱས་པའི་ཉིན་གཅིག་གི་སྔོན་དུ། རྒྱ་གར་གྱི་རྒྱ་ནག་གཞུང་ཚབ་ཁང་ལ་ཁ་པར་བཏང་སྟེ་བཀྲ་ཤིས་དབང་ཕྱུག་ལགས་སུ་ནག་ཉེས་ཅི་ཞིག་ཡོད་མེད་སྐོར་གྱི་སྐད་ཆ་འདྲི་བའི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་ཁྲིམས་གླེང་དྲ་རྒྱའི་བཀྲ་ཤིས་དབང་ཕྱུག་སྐོར་ནས་དཔྱད་བརྗོད་ཅིག་བྲིས་པ་ལས། “རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱིས་མངོན་གསལ་དུ་གཏན་འཁེལ་བྱས་པའི་ཐོབ་ཐང་དེ་དག་མངོན་གྱུར་བྱ་དགོས་ཞེས་བསམ་འཆར་དང་རེ་འདུན་ཡིག་ངག་བརྙན་གསུམ་གང་རུང་གི་སྒོ་ནས་སྤེལ་བའི་བྱ་སྤྱོད་དེ་དག་ནི་རྩ་ཁྲིམས་ཐོབ་ཐང་ལོངས་སྤྱོད་བྱས་ཏེ་བསམ་འཆར་བཤད་པའི་བྱ་སྤྱོད་ཡིན་པ་ལས་ཉེས་ཁྲིམས་ཀྱི་དོན་ཚན་ ༡༠༣ པས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ཉེས་བྱས་ཀྱི་བྱ་སྤྱོད་མིན། ” ཅེས་འཁོད་འདུག

ཡང་རྒྱ་ནག་གིས་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༦ ལོར་བཙོན་བཅུག་བྱས་པ་ནས་བཟུང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ Human Rights Watch དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ Amnesty International པན་ཨ་མི་རི་ཀ PEN America རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པ་ International Campaign for Tibet བཅས་ནས་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་ཡོག་བྱས་པ་དེ་མཚམས་བཞག་ནས་མགྱོགས་མྱུར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁོང་་ཀློད་གྲོལ་གཏོང་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་བཞིན་ཡོད་འདུག་པ་བཅས།།