25
Thu, Apr

གྲྭ་བསྟན་དགའ་ཡིས་བོད་རང་དབང་ཆེད་རང་ལུས་མེར་བསྲེགས་གནང་འདུག རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༧།༡༡།༢༩ཉིན་སྤེལ། དཀར་མཛེས་རྫོང་ཐོག་ཏུ་གྲྭ་བ་ཞིག་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་དུ་རང་ལུས་མེར་བསྲེགས་གནང་སྟེ་བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་བའི་གནས་ཚུལ་ཐོན་སོང༌།

འདི་ཟླའི་ཕྱི་ཚེས་ ༢༦ ཉིན། བོད་མདོ་ཁམས་ཀྱི་དཀར་མཛེས་རྫོང་ཐོག་ཏུ་གྲྭ་བ་ཞིག་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་དུ་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་འདུག

དེ་ཡང༌། འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན། རྒྱལ་གཅེས་དཔའ་བོ་ཁོང་གི་མཚན་ལ་བསྟན་དགའ་དང་རང་ལོ་ ༦༣ ཡིན་ཞིང༌། སྐུ་ལས་མེ་བསྲེགས་གནང་སྟེ་རང་དབང་དགོས་ཞེས་སྐད་འབོད་གནང་རྗེས། ཅུང་ཙམ་ལས་མ་འགོར་བར་ས་གནས་རྒྱ་མིའི་ཉེན་རྟོག་པ་སླེབས་ཏེ་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་པ་མ་ཟད། ས་གནས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་ལྟ་ཞིབ་དང་དམ་དྲག་བྱས་ཡོད་ཅིང༌། ཁོང་ཆུང་བའི་དུས་ནས་ཕ་མ་གཉིས་འདས་གྲོངས་སུ་བྱིན་ཡོད་པ་རེད།

གནས་ཚུལ་མཁོ་སྤྲོད་པས་གསུངས་པ་ལྟར་ན། ཁོང་ལ་མིང་སྲིང་བཞི་ཡོད་པའི་ནང་ནས་སྤུན་མཆེད་གཅིག་ཨ་རིར་ཡོད་པ་དང༌། གཉིས་ལྷ་སར་ཡོད། ཅེས་འགྲེལ་བརྗོད་གནང་བ་བཅས།།