19
Fri, Apr

བོད་མི་པར་བ་སྒྱུ་རྩལ་པ་ཞིག་ལ་དངུལ་གྱི་རྟགས་མ་ཐོབ་འདུག

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་མི་པར་ལེན་པ་ཞིག་ལ་རྒྱ་ཁབ་བཅུ་དགུའི་པར་རིས་བརྩམས་ཆོས་འགྲན་བསྡུར་ཁྲོད་བྱ་དགའ་དངུལ་གྱི་རྟགས་མ་ཐོབ་འདུག

དེ་ཡང་སྤྱི་ལོ༢༠༡༨་ལོའི“སྐྱ་མི་རྟགས་མ།”ཞེས་པའི་རྒྱལ་སྤྱིའི་པར་འགྲན་ཆེན་མོའི་འགྲན་བསྡུར་ནང་དུ་རྒྱ་ནག་དང་། ཨ་རི། ཁ་ན་ཊ། དབྱིན་ཇི། འཇར་མན། ཧྥ་རན་སི། དབྱི་ཊྲ་ལི་སོགས་རྒྱལ་ཁབ་བཅུ་དགུའི་པར་ལེན་སྒྱུ་རྩལ་པ་ཞུགས་ཡོད་པ་དང། འགྲན་ཞུགས་ཀྱི་བརྩམས་ཆོས་༡༨༥༦༢ ཡོད་པ་རེད་འདུག དེ་ལས་མཛེས་ལྗོངས་དང་། མི་སྣ། དངོས་ཟིན། ཡུལ་སྲོལ། སྲོག་ཆགས། གསར་བཏོད་སོགས་ཚན་པ་དྲུག་ཏུ་ཕྱེས་ཤིང་སོ་སོར་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ། ཕུལ་བྱུང་བྱ་དགའ་སོགས་བྱ་དགའ་ཐོབ་པའི་བརྩམས་ཆོས་༢༤༠ ཡོད། ཐེངས་འདིར་མཚོ་སྔོན་ཞིང་ཆེན་གྱི་པར་རིས་བརྩམས་ཆོས་བཅུ་དགུ་ལ་བྱ་དགའ་ཐོབ་པ་དང་། བོད་ཀྱི་པར་ལེན་པ་་གངས་ཕྲུག་དོན་འགྲུབ་ལགས་ཀྱི་པར་རིས་བརྩམས་ཆོས“སྨོན་འདུན།”ཞེས་པར་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག

སྤྱི་ལོ་༡༩༧༧ལོར་སྐྱེས། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་མི་ཡིན། ༢༠༠༤་ལོ་ནས་པར་ལེན་གྱི་ལས་སུ་ཞུགས་ཤིང་། ཀྲུང་གོའི་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཁོངས་མི། མགོ་ལོག་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། གངས་ཕྲུག་པར་ལེན་རུ་བའི་སྤྱིའི་ལྟ་སྐུལ་བ་དང་དགེ་རྒན་བཅས་ཡིན། ༢༠༡༣་ལོར་མཚོ་སྔོན་པོའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་རྒྱུག(环湖赛)ཁྲོད་པར་ལེན་པའི་འགན་ཁུར་བླངས་འདུག ༢༠༡༤ལོར་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་པར་ལེན་པའི་པར་རིས་འགྲན་བསྡུར་ཁྲོད་ཁོང་གི་པར་རིས་བརྩམས་ཆོས་ལ་ཨང་དང་པོའི་བྱ་དགའ་ཐོབ་ཡོད་འདུག ༢༠༡༥་ལོར་པེ་ཅིན་ནས་བསྡུས་ཤིང་ཉིན་བཅུའི་རིང་གི་ཟབ་སྦྱོང་ཞིག་སྟེ་མི་རིགས་ཉི་ཤུ་ལྷག་གིས་གྲུབ་པའི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང(人才培养)ཞེས་པར་ཞུགས་ཏེ་ཕུལ་བྱུང་སློབ་མའི་མཚན་སྙན་ཐོབ། ༢༠༡༨ ལོར་སྐྱ་མི་རྟགས་མའི་རྒྱལ་སྤྱིའི་པར་འགྲན་ཁྲོད་དངུལ་གྱི་རྟགས་མ་ཐོབ་པ་བཅས་སོ།།