19
Fri, Apr

རྒྱ་ནག་གིས་ཨ་རིར་ཐེ་ཝན་ལ་ཐེ་བྱུས་མི་བྱེད་པའི་ཉེན་བརྡ་བཏང་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡ཚེས༡༥ཉིན། རྒྱ་ནག་གཞུང་གིས་རྒྱལ་ཁབ་སུས་ཐེ་ཝན་དེ་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་བྱས་པ་ཡིན་ན། ཐེ་ཝན་ལ་སྲུང་སྐྱོབ་དང་། རྒྱ་ནག་གི་བདག་དབང་དང་གཅིག་སྒྲིལ་བཅས་ལ་སྲུང་སྐྱོབ་བྱེད་ཆེད། རྒྱ་དམག་གིས་རྒོལ་ལན་སློག་ངེས་པ་དང་དམག་འཐབ་ཅི་ཡང་བེད་སྤྱོད་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

དེ་ཡང་ལོ་ཁ་ཤས་རིང་། རྒྱ་ནག་གིས་དམག་ཐབས་བཅོས་བསྒྱུར་དང་། དམག་འཕྲུལ་གསར་པ་སོགས་བསྐྲུན་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཐེ་ཝན་ལྟ་བུའི་རྒྱལ་ཁབ་དང་རྒྱ་ནག་ནང་ཁུལ་གྱི་དཀའ་རྙོག་རྣམས་ལ་འཐབ་འཛིང་བྱེད་ཆེད་ཡིན་སྐོར། ཨ་རིའི་བདེ་འཇགས་གསང་བའི་ལས་ཁུངས་ཀྱི་བརྗོད་འདུག

རྒྱ་ནག་གིས་དུས་ཡུན་རིང་པོ་ཞིག་ནས་ཐེ་ཝན་དང་རྒྱ་ནག་གཅིག་འགྱུར་བྱེད་རྒྱུའི་རེ་འདོད་དང་། ཐེ་ཝན་གྱི་རང་བཙན་བསྒྲགས་པ་དེ་རྒྱ་ནག་གིས་དམག་ཤུགས་ཆེ་རུ་གཏོང་བའི་དམིགས་ཡུལ་ཡིན་པ་ཨ་རིའི་བདེ་འཇགས་གསང་བའི་ལས་ཁུངས་གིས་བཀོད་འདུག

ཨ་རིའི་བདེ་འཇགས་གསང་བའི་ལས་ཁུངས་ནས་གཟའ་མིག་དམར་ཉིན་བཏོན་པའི་སྙན་ཐོའི་ནང་དུ། ཕྱིའི་རྒྱལ་ཁབ་སུས་ཐེ་ཝན་ཐོག་ཐེ་བྱུས་བྱེད་ན། རྒྱ་དམག་གིས་རྒྱལ་ཁབ་དེར་དམག་འཁྲུག་རྒྱག་རྒྱུ་ཡིན་པའི་སྡིགས་ར་བྱས་ཡོད་པ་དང་། རྒྱ་ནག་དབུས་གཞུང་དམག་མིའི་ལྷན་ཚོགས་ཀྱི་དམག་དཔོན་ལི་ཙོད་ཁྲན་གྱིས་ཨ་རིའི་མཚོ་དམག་གི་དམག་དཔོན་ཇོན་རི་ཆ་སོན་ལ་འདི་ལྟར་བརྗོད་ཡོད་འདུག་སྟེ། རྒྱ་ནག་གཞུང་གིས་རྒྱལ་ཁབ་སུས་ཐེ་ཝན་དེ་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་ཤེས་བྱས་པ་ཡིན་ན། ཐེ་ཝན་སྲུང་སྐྱོབ་དང་། རྒྱ་ནག་གི་བདག་དབང་དང་གཅིག་སྒྲིལ་བཅས་ལ་སྲུང་སྐྱོབ་བྱེད་ཆེད། རྒྱ་དམག་གིས་རྒོལ་ལན་སློག་ངེས་པ་དང་དམག་འཐབ་ཅི་ཡང་བེད་སྤྱོད་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག