16
Wed, Jan
33 New Articles

ཁ་པར་བཙོན་གྲོལ་(ROOT)བྱེད་སྐབས་དགོས་བའི་ལག་ཆ་དག

བརྡ་འཕྲིན་རིག་གནས།
Typography

ཐབས་འདི་སྤྱད་ནས་ཨན་གྲོལ་ཁ་པར་གང་ཡིན་ཡང་བོད་ཡིག་ནང་འཇུག་བྱེད་ཐུབ། ལྷག་པར་དུ་ཁ་པར་གློག་ཀླད་དང་སྦྲེལ་མི་དགོས་པར་ཁ་པར་གཅིག་པུ་རང་སྟེང་ནས་ལེགས་འགྲུབ་བྱུང་ཐུབ།

གྲ་སྒྲིག་བྱ་དགོས་པའི་ལག་ཆ་དག

༡༽ ཁ་པར་ནང་དུ་༣༦༠ ཁ་པར་ལག་རོགས (360 手机助手)མཉེན་ཆས་ཡོད་དགོས། ༢༽ ཁ་པར་ལ་དྲ་བ་ཡོད་དགོས། རབས་ཡིན་ན་སྐུད་མེད་དྲ་ལམ་ཡིན་ན་བཟང་།

དང་པོར་ (360 手机助手)ནང་དུ་སོང་ནས་ (Ifont爱字休) ཟེར་བའི་མཉེན་ཆས་ཕབ་ལེན་བྱེད་དགོས།

ཕབ་ལེན་བྱས་རྗེས་ (Ifont爱字休 )ནང་དུ་སོང་ནས་(藏/TI) ཟེར་བ་དེའི་ནང་དུ་འགྲོ་དགོས། དེ་རུ་དབུ་ཅན་དང་དབུ་མེད་ཡིག་གཟུགས་མང་པོ་ཡོད་རེད།

རང་ཉིད་གང་ལ་དགའ་ན་དེ་ཕབ་ལེན་བྱས་ཆོག རང་ཉིད་ཀྱིས་གང་འདོད་པའི་ཡིག་གཟིགས་ཕབ་ལེན་ཚར་རྗེས་འོག་གི་(应用 Set) ཟེར་བ་དེར་སྣུན་རྗེས་ཁྱོད་ལ་འདམ་ཀ་གཉིས་ཡོད། དེ་ལས་(跳过 Easy ROOT) ཟེར་བ་དེ་འདམ་དགོས། འདི་ནས་ཁ་པར་ལ་བཙོན་གྲོལའམ་(root) བྱེད་དགོས།

གསལ་བཤད། སྐར་གསུམ་དང་ 化为,小米 སོགས་ཁ་པར་ཁ་ཤས་ལ་(root) མ་བྱས་ན་ཆོག་པར་འདུག

དེ་ནས་(ROOT) ཟེར་བར་མནན་ནས་བཙོན་གྲོལ་གནང་བྱེད་ཀྱི་མཉེན་ཆས་སྒྲིག་འཇུག་བྱེད་དགོས།

མཉེན་ཆས་དེ་སྒྲིག་འཇུག་བྱས་ཚར་རྗེས་ཁ་བྱས་ན་འོག་དུ་ཁྱོད་ལ་འདམ་ཀ་གཉིས་ཡོད་དེ་(安装)ཟེར་བར་གནོན་དགོས། དེ་ནས་ཡང་བསྐྱར་འདམ་ཀ་གཉིས་ལས་(打开)ཟེར་བར་གནོན་དགོས། དེའི་རྗེས་(允许)ཟེར་བར་མནན་ན་ད་བཟོད་མཉེན་ཆས་དངོས་དེ་ཁ་འབྱེད་ངེས་ཡིན། མཉེན་ཆས་ཁ་བྱས་རྗེས་ཁྱོད་ལ་འདམ་ཀ་གཉིས་ཡོད་པ་ལས་(root)ཟེར་བ་དེ་གདམས་དགོས།

ད་ཁྱོད་ཀྱི་ཁ་པར་བཙོན་གྲོལ་བྱེད་བཞིན་ཡོད། དེ་ནས་ཅུང་ཙམ་སྒུག་དགོས། ཁ་པར་ཁ་ཤས་རང་འགུལ་གྱིས་གློག་སྒོ་བརྒྱབ་ནས་ཡང་བསྐྱར་ཁ་ཕྱེ་སྲིད། ཉིད་ཀྱིས་སྒུག་ནས་བསྡན་ན་ཆོག

གོང་གི་སྒྲིག་རིམ་བཞིན་ཚར་སོང་ན་(好的)ཟེར་བ་ཞིག་ཡོང་བ་དེར་མནན་ན་ཁྱོད་ཀྱི་ཁ་པར་བཙོན་གྲོལ་Root ལེགས་འགྲུབ་བྱུང་བ་རེད།

དེ་ནས་ཡང་བསྐྱར་(Ifont爱字休)ཡི་ནང་དུ་སོང་ནས་(应用set)མནན་ན་འདམ་ཀ་གཉིས་ཡོད་པ་ལས་(按权)གདམས་ཏེ། ཡང་བསྐྱར་(确定)མནན་དེ་ཡང་སྐྱར་(确定)གནོན་དགོས།

འདིའི་སྐབས་སུ་ཁ་པར་ལ་ལ་རང་འགུལ་གྱིས་ཁ་རྒྱག་སྲིད། ཉིད་ཀྱིས་ཁ་པར་ཡང་བསྐྱར་རང་འགུལ་གྱིས་ཁ་ཕྱེ་བར་སྒུག་རོགས།

ཁྱོད་ཀྱི་ཁ་པར་ནང་བོད་ཡིག་མ་ལག་ནང་འཇུག་ལེགས་འགྲུབ་བྱུང་སོང་།

ད་ནི་ཁ་པར་ནང་བོད་ཡིག་གི་ཕབ་གཞོང་སྒྲིག་འཇུག་བྱ་དགོས་ལ། (Multiling Keyboard) དེའང་(360手机助手) ༣༦༠ ཁ་པར་ལག་རོགས་ལས་ཕབ་ལེན་བྱས་ཆོག

དེ་དག་ཡོངས་སུ་གྲུབ་རྗེས་སུ་ཁྱོད་ཀྱི་ཁ་པར་ནང་བོད་ཡིག་ཀློག་ཐུབ་ལ་འབྲི་ཡང་ཐུབ།

ཡོང་ཁུངས། ངེད་དྲྭ་བ།

གསལ་བསྒྲགས་ཀྱི་ས་མིག