20
Fri, Jul
34 New Articles

སྐར་ཁུང་༡༠་ནི་སྤྱོད་མཁན་གྱིས་ཉོས་པའི་སྐར་ཁུང་པར་གཞི་མཐའ་མ་དེ།་ཡིན་པར་འགྱུར

བརྡ་འཕྲིན་རིག་གནས།
Typography

སྙི་ཕྲན་གྱིས་བསྒྲགས་པའི་གནས་ཚུལ་གསར་ཤོས་ལྟར་ན། མ་ལག Windows10 ལ་ལོ་བཅུའི་རིང་གསར་སྒྱུར་དང་རྒྱབ་སྐྱོར་རིན་མི་དགོས་པར་ཐོབ་རྒྱུ་ཡིན་པ་དང་།

སྙི་ཕྲན་སྲིད་ཇུས་ལས་མངོན་རྒྱུར Windows10 བཀོལ་སྤྱོད་རྒྱུད་ཁོངས་ལ་སྙི་ཕྲན་ཚང་གིས Windows7/8དང་མཚུངས་པར་དུས་ཡུན་ལོ 10 རིང་གི་ཐོན་རྫས་རྒྱབ་སྐྱོར་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེའི་ནང་ལོ་སྔ་མ་ལྔའི་རིང་གཙོ་རྒྱུགས་རྒྱབ་སྐྱོར (MainstreamSupport) བྱ་རྒྱུ་དང་། ལོ་ཕྱི་མ་ལྔའི་རིང་ལ་རྒྱ་སྐྱེད་རྒྱབ་སྐྱོར (ExtendedSupport) བྱ་རྒྱུ་ཡིན་ཞིང་། དེས་ན་སྙི་ཕྲན་ཚང་གིས་ལོ་ཕྱི་མ5ཡི་རིང་ལའང Windows10 པར་བདེ་འཇགས་ལྷན་པ་བརྒྱབ་སྟེ་སྲུབས་ཁ་དག་བཅོས་བྱ་རྒྱུ་ཡིན་པ་མ་ཟད། འདིས་དེའི་རྗེས་ཀྱི་རྒྱབ་སྐྱོར་དང་གསར་བསྒྱུར་སོགས་ཀྱང་རིན་མེད་དུ་བྱས་པ་མཚོན་པ་རེད། སྙི་ཕྲན་གསར་སྤེལ་སྡེ་ཚན་གྱི་གཙོ་སྐྱོང་མཁནTerry Myserson གྱིས། Windows 10 ནི་སྤྱོད་མཁན་གྱིས་ཉོས་པའི Windows པར་གཞི་མཐའ་མ་དེ་ཡིན་པར་འགྱུར་ཟེར། 

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

གསལ་བསྒྲགས་ཀྱི་ས་མིག