16
Wed, Jan
33 New Articles

ཏཱ་ལའི་བླ་མ་མཐོ་སློབ་ཏུ་འབྱུང་རིག་སྡེ་ཚན་ལོ་རིམ་གསུམ་པ་འདོན་བཞིན་ཡོད་པའི་སློབ་མ་བྱམས་པ་སྒྲོལ་དཀར་ལགས། པར་དབང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཅར་འདྲི།
Typography

ང་རང་སློབ་ཆེན་སློབ་མ་ཞིག་ཡིན་དུས་ད་བར་ལོ་གསུམ་འདས་པའི་བརྒྱུད་རིམ་ནང་ལ་རང་ཉིད་ལ་མཚོན་ན་དམིགས་གསལ་གྱི་སློབ་གསོ་དེ་འདྲ་མི་འདུག ཅེས་ཏཱ་ལའི་བླ་མ་མཐོ་སློབ་ཏུ་འབྱུང་རིག་སྡེ་ཚན་ལོ་རིམ་གསུམ་པ་འདོན་བཞིན་ཡོད་པའི་སློབ་མ་བྱམས་པ་སྒྲོལ་དཀར་ལགས་ཀྱིས་འདི་ག་གསར་ཁང་ནས་མཐོ་རིམ་སློབ་མའི་སློབ་གསོ་སྐོར་ལ་བཅའ་འདྲི་བྱེད་སྐབས་སུ་འགྲེལ་བརྗོད་གནང་སོང་།

༡ ཁྱེད་ཉིད་ངོ་སྤྲོད་ཐུང་ཐུང་ཞིག་གནང་རོགས།
ལན། ངའི་མིང་ལ་བྱམས་པ་སྒྲོལ་དཀར་ཟེར། ང་བོད་ནས་ཡོང་པའི་བུ་མོ་ཞིག་ཡིན། སུ་ཇཱ་ནས་འཛིན་གྲྭ་བཅུ་གཉིས་ཐོན་ནས་ད་ལྟ་ཏཱ་ལའི་བླ་མ་མཐོ་སློབ་ཏུ་འབྱུང་རིག་ལོ་རིམ་གསུམ་པ་འདོན་བཞིན་ཡོད།

༢ ཁྱེད་རང་གིས་སློབ་གསོ་མྱོང་བའི་ཁྲོད་ནས་བརྗེད་མི་ཐུབ་པ་དང་ཡ་མཚར་བའི་སློབ་གསོའི་གཏམ་རྒྱུད་དེ་འདྲ་གླེང་རྒྱུ་ཨེ་ཡོད།
ལན། རང་ཉིད་ལ་སློབ་གསོ་མྱོང་བའི་ཁྲོད་ནས་བརྗེད་མི་ཐུབ་པ་དང་ཡ་མཚར་བའི་སློབ་གསོའི་གཏམ་རྒྱུད་དེ་ནི་རང་གཞན་གཉིས་ཙམ་མ་ཟད་རྒྱལ་ཁབ་སྤྱི་དང་སྤྱི་ཚོགས་ལ་ཕན་ནུས་ཐུབ་པའི་ཕྲུ་གུ་བསྐྲུན་མཁན་གྱི་མ་ཡུམ་བཟང་པོ་ཞིག་བྱེད་པར་ངེས་པར་དུ་སྐྱེ་པ་ཁྱོ་ག་ལ་བརྟེན་མ་དགོས་པར་རང་སྐྱ་འཕེར་བ་ཞིག་དགོས་ཞེས་པ་དེ་ཡིན། སྐྱེས་མ་ཞིག་ལ་མཚོན་ན་འགན་འཁྲི་དེ་ཅི་འདྲའི་ལྗི་པོ་ཞིག་མ་རེད་དམ། གལ་ཏེ་འགན་འཁྲི་དེ་ལས་སྒྲུབ་ཐུབ་ན་རྡོ་གཅིག་གིས་བྱིའུ་མང་པོ་བསད་པ་དང་གཅིག་འཚུངས་རེད།

༣ ཁྱེད་རང་སློབ་ཆེན་སློབ་མ་ཞིག་ཡིན་དུས་ཁྱོད་རང་ལ་མཚོན་ན་སློབ་ཆེན་སློབ་གསོ་དེ་ག་འདྲ་འདུག
ལན། ང་རང་སློབ་ཆེན་སློབ་མ་ཞིག་ཡིན་དུས་ད་བར་ལོ་གསུམ་འདས་པའི་བརྒྱུད་རིམ་ནང་ལ་རང་ཉིད་ལ་མཚོན་ན་དམིགས་གསལ་གྱི་སློབ་གསོ་དེ་འདྲ་མི་འདུག རེད་དེ་མཐོ་སློབ་དེ་སྤྱི་ཡོངས་ནས་སློབ་གསོ་ཞིག་ཡོད་པ་ནི་སློབ་མ་ཚོ་རྒན་པ་འབའ་ཞིག་ཡིན་དུས་སོ་སོས་གང་བཤད་པ་དང་གང་བྱེད་པ་སོགས་ལ་རང་ཉིད་ཀྱི་འགན་ལན་དགོས་པ་ལས་མི་གཞན་གྱིས་བཀོད་པ་གཏོང་མཁན་མེད་ཞེས་དེ་ཡིན།

༤ ཁྱེད་ཀྱིས་བསམ་ན་བོད་ཕྱི་ནང་གཉིས་ཀྱི་སློབ་ཆེན་སློབ་མའི་སློབ་གསོའི་བར་ལ་ཧེ་བག་མཐོང་གི་འདུག་གམ།
ལན། ངས་བོད་ཕྱི་ནང་གཉིས་ཀྱི་སློབ་ཆེན་སློབ་མའི་སློབ་གསོའི་བར་ལ་ཧེ་བག་མཐོང་གི་འདུག དེ་ཡང་རྒྱུ་མཚན་གཙོ་བོ་གཉིས་མཐོང་གིན་འདུག་དང་པོ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་མི་འདྲ་བ་རེད། གཉིས་པ་འཁོར་ཡུག་གི་ཆ་ནས་མིའི་བསམ་བློའི་ཁ་ཕྱོགས་མི་འདྲ་བ་ཡོང་གིན་ཡོད་པ་རེད། དཔེར་ན་བོད་ནང་གི་སློབ་ཆེན་སློབ་མ་ཚོའི་སློབ་གསོའི་ཁ་ཕྱོགས་ནི་སློབ་སྦྱོང་ཐར་ཕྱིན་ཚར་བ་དང་རང་མགོ་ཐོན་པ་མ་ཟད་ཕ་མ་བཀའ་དྲིན་མཇལ་རྒྱུ་དང་རྒྱ་དམར་པོའི་བཀའ་དྲིན་བསམ་རྒྱུ་བཅས་ཡིན། བཙན་བྱོལ་ནང་གི་སློབ་མའི་སློབ་གསོ་ལ་མཚོན་ན་སློབ་སྦྱོང་ཐར་ཕྱིན་རྗེས་རྒྱལ་ཁབ་གཙོད་ལེན་བྱ་རྒྱུ་དེ་མ་བྱུང་ན་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་བཟང་བྱེད་ཐུབ་ན་༧གོང་ས་མཆོག་གི་བཀའ་སྒྲུབ་པ་སོགས་གཙོ་བོ་དེ་ཡིན།

༥ ཁྱེད་ཀྱིས་བསམ་ན་སློབ་གསོ་མྱོང་བ་ནི་ཅི་ཞིག་གི་ཆེད་དུ་རེད་བསམ་ཡོད།
ལན། ང་རང་གི་བསམ་ན་སློབ་གསོ་མྱོང་བ་ནི་གང་ཟག་མི་ཞིག་ལ་མཚོན་ན་མ་འོངས་མི་ཚེའི་ནང་ལ་ལེགས་ངན་བླང་དོར་ཐུབ་པ་ལས་གཞན་གྱི་ལག་ཆ་རུ་འགྱུར་བའི་མགོ་སླ་བོ་ཞིག་མ་ཡིན་པ་བག་ཡོད་ངང་ནས་རང་ཚུགས་བཟུང་ཐུབ་པའི་མི་བཟང་པོ་ཞིག་ཡོང་བའི་ཆེད་དུ་རེད།


༦ སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་ཆེས་སྤྱི་སྟངས་བའི་འགན་འཁྲི་དེ་ག་རེ་རེད་འདུག
ལན། སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་ཆེས་སྤྱི་སྟངས་བའི་འགན་འཁྲི་ནི་སྣང་བ་མ་གཡང་བར་རང་ཉིད་ཀྱི་སློབ་སྦྱོང་གཙོ་བོར་བྱས་ནས་དགའ་ཕྱོགསརེད་ལྷག་པར་དུ་རང་ཉིད་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཐོག་ལ་ནུས་པ་ཕར་མ་སྟོན་ནས་འབད་དགོས། གཞན་གྱིས་གང་བཤད་དང་གང་འཁྲིད་མ་ཡིན་པར་རང་ཁྲིམས་རང་སྲུང་བྱེད་དགོས།

༧ ཁྱེད་རང་ལ་བོད་པའི་ན་གཞོན་ཚོ་ལ་བཤད་འདོད་པའི་སྐད་ཆ་ག་རེ་ཡོད།
ལན།ང་ལ་བོད་པའི་ན་གཞོན་ཚོ་ལ་བཤད་འདོད་པའི་སྐད་ཆ་འགའ་ནི་གཞན་ཕན་སྒྲུབ་པ་ལ་ཐོག་མར་རང་ཉིད་མགོ་ཐོན་དགོས་པ་རེད། དེ་ཡང་འབྲི་ཀློག་ཁོ་ནས་མཐོ་སློབ་མཐར་ཕྱིན་ལག་འཁྱེར་རག་པ་ཙམ་གྱི་སློབ་སྦྱོང་རྒྱུགས་འབྲས་གཙོ་བོ་དེ་མིན་པར་ད་དུང་མི་སོ་སོར་གཞན་དང་མི་འདྲ་བའི་ནུས་པ་རེ་ཡོད་ན་དེ་སོ་སོས་ངེད་པར་དུ་ངོ་ཤེས་པས་ཐོག་ནས་རང་གིས་འཇོན་ཐང་མ་འདྲ་བ་དེ་སྟོན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། དེ་ལྟར་རང་གི་འཇོན་ཐང་སྟོན་པ་ནང་བཞིན་ལས་སྒྲུབ་ཡོང་བར་ཐོག་མར་རང་ཉིད་ཀུན་དང་མཐུན་ཕྱིར་སྤྱོད་པ་དེ་རང་ཉ྄ིད་དམའ་ས་འཛིན་ནས་ཡ་རབས་བཟང་སྤྱོད་དང་ཕན་པ་སྒྲུབ་པའི་ཆེད་དུ་ནང་ཀུན་སློང་བཟང་པོ་དྲང་བདེན་ཅན་ཞིག་དགོས་པ་དེ་ཚོང་གི་མ་རྩ་ལྟར་རེད།དེ་སྒྲུབ་ཐུབ་པ་ཡིན་ན་སོ་སོ་སྐྱིད་པོ་དང་༧རྒྱལ་བའི་བཀའ་ཡིན་རེད།་ཕ་མའི་བཀའ་དྲིན་དེ་བཞིན་རང་དོན་ཡང་ཞོར་ནས་འགྲུབ་ཡོང་གིན་རེད་ཟེར་བ་ལྟར་རེད།མཐོ་རིམ་སློབ་མའི་སློབ་གསོ་དང་སྐད་ཆ།

གསལ་བསྒྲགས་ཀྱི་ས་མིག