18
Thu, Apr

རྩོམ་ཡིག་གཞན།
ཡིག་གཟུགས་སྒྲིག་ཆས།

མི་གཅིག་ཁོ་རང་གཅིག་པུ་ནགས་ཚལ་སྟུག་པོ་ཞིག་གི་ནང་འཁྱམ་ནས་འགྲོ་བའི་སྐབས་སུ། གློ་བུར་དུ་གྲོད་པ་ལྟོགས་པའི་སྟག་ཞིག་དང་ཐུག་པ་རེད། སྟག་དེས་ལམ་སང་ངར་སྒྲ་དང་ལྷན་དུ་ཁོ་ཡི་ཕྱོགས་སུ་འཐབ་རྒོལ་བྱེད་སྐབས།

ཁོས་ནུས་ཤུགས་ཡོད་དགུས་སྟག་གི་ཁ་ནས་ཐར་ཐབས་བྱས་ཀྱང་། སྟག་གིས་ཁོ་ཡི་རྗེས་སུ་རྒྱུན་མི་ཆད་པར་རྗེས་དེད་བྱས། མཐའ་མར་ཁོ་བྲོས་བྲོས་ནས་གཡང་གཟར་ཞིག་གི་འགྲམ་དུ་སླེབས།ཁོས་སྟག་གི་ངན་ཁ་ལས་མཐར་ཆེད་གཡང་དུ་མར་མཆོངས། སྟབས་ལེགས་པ་ཞིག་ལ་ཁོ་པ་ལམ་སྡོང་པོ་(plum tree)ཞིག་གི་ཐོག་དུ་ལྷུང་བ་རེད། ཡིན་ཡང་། གཡང་གཟར་འོག་ནས་སྒྲ་ཞིག་ཐོས་པས་ཁོས་མར་ཞིབ་ལྟ་བྱེད་སྐབས།སེང་གེ་གཏུམ་དྲག་ཅན་ཞིག་ཁོར་ཡར་བལྟས་ནས་ངར་བཞིན་ཡོད་པ་མཐོང་།

སེང་གེ་ངར་རོའི་སྒྲ་དེས་ཁོ་འཇིགས་སྣང་ཚད་མེད་སྐྱེས་ཡོད། འོན་ཀྱང་། ཁོའི་སེམས་སུ་སྟག་དང་སེང་གེ་གཉིས་འདྲ་བས་སུས་ང་ཟས་རུང་ཁྱད་པར་མེད་བསམ་ནས་ལྷོད་པོར་ལམ་སྡོང་པོའི་སྒང་ལ་སྡོད་སྐབས། ཡང་ཁོས་སྒྲ་ཆུང་ཆུང་ཞིག་ཉེ་འགྲམ་ནས་ཐོས་པས། ཡག་པོ་བྱས་ནས་ལྟ་སྐབས་ཙི་ཙི་དཀར་ནག་གཉིས་ཀྱིས་ཁོ་སྡོད་སའི་ཤིང་སྡོང་དེར་སོ་བརྒྱབ་ནས་བསྡད་ཡོད། ཁོས་སེམས་ལ་དེ་མ་ཐག་འཇིགས་སྣང་སྐྱེས་ཀྱང་ཁོས་སོ་སོར་སེམས་གསོ་བཏང་ནས་སེམས་ལ་སྟག་གིས་ཟ་བ་ལས་ཤིང་སྡོང་ཆག་ནས་ས་ལ་ཟགས་ནས་ཤི་ན་བཟང་བསམ་ནས་ལྷོད་ལྷོད་བྱས་ནས་བསྡད།

དེ་ལྟར་རྒྱུན་རིང་བསྡད་པས་གྲོད་པ་ཡང་ལྟོགས།དེ་མྱུར་ཁོས་ཤིང་སྡོང་གི་འབྲས་བུ་པ་ལམ་ཟས་ནས་ད་མ་ཤི་སྔོན་ལ་གཉིད་སྐྱིད་པོ་ཞིག་ཁུག་བསམ། དེ་ནས་ཁོ་ཡུན་རིང་གཉིད་ལ་ཤོར། གཉིད་ལས་བསད་རྗེས་ཁོའི་ཉེ་འགྲམ་དུ་གནོད་འཚེ་བྱེད་མཁན་སྟག་དང་སེང་གེ་ཙི་ཙི་དཀར་ནག་གཉིས་བཅས་ཚང་མ་མཐོང་རྒྱུ་མེད་པས། ཁོ་གཟབ་གཟབ་ངང་ཤིང་སྡོང་ནས་མར་བབས་ཏེ་སྲོག་གི་ཉེན་ཁ་ལས་ཐར་བ་རེད།

སྒྲུང་ཐུང་འདི་བརྒྱུད་ང་ཚོས་ཤེས་དགོས་པ་ནི་གནས་སྐབས་གང་ཡོད་པ་དེར་གཅེས་འཛིན་བྱེད་པ་དང་།མི་འགའ་དང་བྱ་བ་འགའ་ཤས་ཐད་ལ་ག་ཚོད་རེ་བ་མཐོན་པོ་དང་འདོད་པ་མེད་བཞིན་དུ་ཨུ་ཚུགས་བྱེད་མི་རུང་།