20
Fri, Jul
34 New Articles

བདེ་ཐང་ལ་ཕན་པའི་བྱེད་སྒོ་ཁག།

བདེ་ཐང་།
Typography

བྲང་ཁོག་དགྱེ་དགྱེ་བྱེད་པ།དེང་རབས་ཀྱི་འཚོ་བའི་གོམ་སྟབས་མགྱོགས་པོ་ཡིན་པས།མི་མང་པོས་ལུས་སྟོད་སྒུར་སྒུར་གྱིས་ཕར་འགྲོ་ན་བྲེལ་འཚུབ་དང་ཚུར་འོང་ནའང་བྲེལ་འཚུབ་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་དེ་ལ་གཞིགས་ཏེ་ཨ་མེ་རི་ཁའི་མེ་སུའུ་ལེ་ཀྲུའུ་སློབ་གྲྭ་ཆེན་མོའི་ཆེད་གཉེར་མཁས་པ་ཚོས་ངོས་འཛིན་བྱེད་རྒྱུར། མགོ་བོ་བཀྱགས་པ་དང་བྲང་ཁོག་དགྱེ་དགྱེ་བྱས་ན། མི་དེ་ཉམས་འགྱུར་ལྡན་པ་དང་། གཞན་ལ་ན་ལོ་ཆུང་ཞིང་སྙིང་སྟོབས་རྒྱས་འདང་གི་སྣང་བ་སྟེར་ཐུབ་པ་རེད།

མ་ཟད་མགོ་བོ་བཀྱགས་ཚེ་སྐེད་ཚིགས་ཀྱི་ན་ཚ་ཇེ་ཡང་དུ་གཏོང་ཐུབ་པ་དང་།བྲང་ཁོག་དགྱེ་དགྱེ་བྱས་ཚེ་སྒལ་ཚིགས་ཀྱི་ཁུར་པོ་ཡང་དུ་གཏོང་ཐུབ་པ་རེད། གོམ་འགྲོས་ཀྱིས་རླངས་འཁོར་གྱི་ཚབ་བྱེད་པ། རླངས་འཁོར་གྱིས་གོམ་འགྲོས་ཀྱི་ཚབ་བྱེད་ཤུགས་ཆེ་བའི་གླིང་ཆེན་ཡོ་རོབ་དང་མེ་གླིང་གི་རྒྱལ་ཁབ་ཁག་ཏུ།ད་ལྟར་མི་མང་པོས་དེ་དང་ཕྱིན་ཅི་ལོག་པ་ཞིག་བྱས་ཏེ།གོམ་འགྲོས་ཀྱིས་རླངས་འཁོར་གྱི་ཚབ་བྱས་ནས།ནུས་ལྡན་གྱིས་རུས་པ་ཞན་འགྱུར་སྔོན་འགོག་དང་།སྙིང་དང་གློ་བའི་ནུས་པ་ཇེ་ཆེར་གཏོང་བ།རྙིང་འབུད་གསར་ལེན་དང་སྦྱག་པར་ཕན་ཐབས་བྱེད་ཀྱི་ཡོད་པ་རེད། དགེ་བའི་བྱ་བ་སྒྲུབ་པ།ལེ་ཧྥེང་གི་མིང་དེ་ཨ་མེ་རི་ཁའི་ས་གནས་མང་པོར་མི་མང་པོས་ཤེས་ཀྱི་ཡོད་པ་རེད།དེའི་རྒྱུ་མཚན་ནི་ཁོང་ཚོས་གཞན་ལ་རོགས་རམ་བྱེད་པར་དགའ་བ་དང་།མི་དཀའ་ངལ་ཐུག་མཁན་ལ་རོགས་རམ།མི་ཉེན་ཁ་ཡོད་མཁན་ལ་རོགས་སྐྱོར་བྱས་ན།རང་ཉིད་ཀྱི་སེམས་པ་སྐྱིད་པོར་གྱུར་པ་དང་།བརྗོད་ཀྱིས་མི་ལང་བའི་འདོད་པ་ཁེངས་པའི་སྣང་བ་ཞིག་ཤར་སྲིད།དེས་མིའི་ནད་འགོག་མ་ལག་ཤུགས་ཇེ་ཆེ་གྱུར་པར་ཕན་པ་དང་ལུས་སེམས་ཀྱི་གཉིས་སྒྲིལ་གཅིག་འགྱུར་སྙོམ་སྒྲིག་བྱེད་ཐུབ་པར་མ་ཟད།ཚེ་རིང་ནད་མེད་པར་ཕན་ཐོགས་ཡོད་པ་རེད།

ཤ་ཉུང་ཙམ་ཟ་བ།མིག་སྔར་ཨུ་རུ་སུ་རྒྱལ་ཁབ་ཏུ་སྐྱ་ཟས་ཟ་སྲོལ་ཁྱབ་རྒྱ་ཆེ་ཞིང་།ཁོང་ཚོས་ཤ་རིགས་དང་ཤ་བཟོས་ཟས་རིགས་སྣ་ཚོགས་འབོར་ཆེན་བཟས་ན།ནད་རིགས་འགའ་ཞིག་ཇེ་ལྗིད་དུ་འགྲོ་བ་དང་ནད་རྐྱེན་འགའ་ཞིག་སློང་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཉི་མ་ལྡེ་བ།ཨ་མེ་རི་ཁའི་ཉིའུ་ཡོག་ཀྲུའུ་ཡི་ཡུལ་མི་ཚོས་དལ་ཁོམ་ཡོད་ཚེ་ཉི་མ་ལྡེ་བའི་འཚོ་བ་སྐྱེལ་སྟངས་ལ་དང་དོད་བྱེད་ཀྱི་ཡོད་པ་རེད།ཁོང་ཚོས་ནམ་རྒྱུན་ཉི་མ་འོས་འཚམས་ཤིག་ལྡེ་ན།ལུས་པོའི་ནང་འཚོ་བཅུདD(ཏིག)འབོར་ཆེན་ཉར་གསོག་བྱེད་པར་ཕན་པ་དང་།དེ་བཞིན་སོ་དང་རུས་པ་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད། ཆར་པའི་ནང་དུ་འགྲོ་བ།ཆར་པ་ཟིམ་ཟིམ་ཁྲོད་དུ་གྲོང་ནང་འགྲོ་བའམ་འཆམ་འཆམ་འགྲོ་བ་དེ་དེང་རབས་ཀྱི་གླིང་ཆེན་ཡོ་རོབ་དང་མེ་གླིང་གི་མི་ཚོའི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་པ་རེད།ཁོང་ཚོས་ཆར་ཟིལ་གྱིས་རྡུལ་ཕྲན་དག་པར་བྱེད་པ་དང་།མཁའ་རླུང་དག་གཙང་བཟོས་པ།མཁའ་རླུང་ཁྲོད་ཀྱི་གསོ་རླུང་དབྱང་ལེ་ཙེ་མོ་ཞེས་པ་དེ་ཇེ་མང་བཏང་སྟེ།གློ་བ་དང་ཀླད་པ་བདེ་སྲུང་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དུས་རྒྱུན་གླུ་དབྱངས་ལེན་པ། ཨ་མེ་རི་ཁའི་མར་ལི་ལན་སློབ་གྲྭ་ཆེན་མོའི་ཆེད་གཉེར་མཁས་པས་མི་རྣམས་ལ་དུས་རྒྱུན་དུ་གླུ་དབྱངས་ལེན་རྒྱུའི་སྐུལ་མ་གནང་བ་རེད།དེའི་རྒྱུ་མཚན་ནི་གླུ་ལེན་པ་དེས་མིའི་ཀླད་པའི་གཏན་ཚིགས་དང་མཐུན་པའི་བསམ་བློ་གཏོང་བར་ཕན་ཐོགས་པར་མ་ཟད།གླུ་ལེན་དུས་མིའི་མགྲིན་པ་དང་གློ་བ།བྲང་ཁོག་གི་ཤ་ཤེད་བཅས་ལ་སྦྱོང་བརྡར་ལེགས་པོ་ཐེབས་ཐུབ་པ་རེད།འོན་ཀྱང་གླུ་དབྱངས་ལེན་ཡུལ་ནི་མཁའ་རླུང་གསར་པ་ཡོད་ས་གདམ་ག་རྒྱག་དགོས་པ་དང་།ཆ་རྐྱེན་འཛོམས་ན་གྲོང་འདབས་སུ་སོང་ནས་སྐད་གསང་མཐོན་པོས་གླུ་དབྱངས་ལེན་ན་ལེགས་པོ་ཡོད་པ་རེད། ཟས་བཟས་རྗེས་ངལ་གསོ་ཏོག་ཙམ་བྱེད་པ།ཟས་བཟས་རྗེས་ངལ་གསོ་ཏོག་ཙམ་བྱེད་པའམ་ཉལ་ཁྲིའི་ཐོག་ཏོག་ཙམ་ཉལ་རྗེས་འཆམ་འཆམ་འགྲོ་བའམ་ལས་ཀ་གཞན་དག་བསྒྲུབས་ན།ཟས་རིགས་ལུས་ལ་འཇུ་བ་དང་།ཕོ་བ་དང་རྒྱུ་མ་ལ་གཅེས་སྐྱོང་དང་མཆིན་པའི་ནུས་པ་བདག་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ་རེད།དེར་བརྟེན།ཟས་བཟས་ནས་ངལ་གསོ་ཏོག་ཙམ་བྱས་རྗེས་གོམ་བརྒྱ་བགྲོད་པ་རེད།མིག་སྔར་ལྗར་པན་དང་ཀོ་རི་ཡ་རྒྱལ་ཁབ་ཏུ་མང་ཚོགས་རང་བཞིན་གྱི་ལུས་པོ་སྦྱོང་བརྡར་དང་ལུས་སྟོབས་གསོ་ཐབས་ཤིག་ཏུ་གྱུར་ཡོད།

འཇམ་ཐིང་ཐིང་བསྡད་དེ་བསམ་བློ་གཏོང་བ། ལས་ཀ་བྲེལ་ཟིང་ཆེ་དུས་བར་གསེང་བཙལ་ནས།ཉིན་རེར་འཇམ་ཐིང་ཐིང་བསྡད་དེ་བསམ་བློ་ཡང་ཡང་ཐེངས་གཅིག་གཉིས་ཙམ་གཏོང་ཞིང་།ཐེངས་རེར་ཆུ་ཚོད་ཕྱེད་ཀ་ཙམ་གཏོང་ཞིང་།ཐེངས་རེར་ཆུ་ཚོད་ཕྱེད་ཀ་ཙམ་བྱས་ཏེ།སྒེར་སེམས་སྣ་ཚོགས་དོར་བ་དང་ལུས་སེམས་ལྷོད་དུ་བཏང་ན།དབང་རྩ་རང་བཞིན་གྱི་མགོ་ན་བ་དང་།ཁྲག་ཤེད་གཅོག་པར་ཕན་ཐོགས་ཡོད་པ་རེད། ཕ་སྤུན་ལྷན་འཛོམས་ཀྱི་བདེ་སྐྱིད་རོལ་བ། ཁྱིམ་མི་ལྷན་རྒྱས་མཛའ་མཐུན་མཉམ་གནས་དང་ཕན་ཚུན་བརྩི་བཀུར།ཕན་ཚུན་བསམ་ཤེས་དང་བཟོད་བསྲན།ཁྱིམ་གྱི་བཏང་སྙོམས་ཀྱི་ལུགས་ལག་ལེན་བསྟར་བ།དལ་ཁོམ་དུས་སུ་བཟའ་ཚང་བར་སྙིང་གཏམ་བཤད་པ་དང་།མེས་དབོན་བར་རྩེད་མོ་རྩེ་བ་སོགས་བྱས་ཏེ།ཕ་སྤུན་ལྷན་འཛོམས་ཀྱི་བདེ་སྐྱིད་རོལ་བ་དེ།ལྗར་པན་དང་ཡ་གླིང་ཤར་ལྷོ་ས་ཁུལ་གྱི་རྒྱལ་ཁབ་འགའ་ཞིག་ཏུ་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་པ་རེད།

གསལ་བསྒྲགས་ཀྱི་ས་མིག