23
Sun, Sep
25 New Articles

རྡོ་འཕེན་པའི་རྩེད་ཐབས་སླ་ཤོས་ནི་སུས་རྡོ་ཐག་རིང་དུ་འཕེན་ཐུབ་མིན་ལ་བལྟ་བ་དེ་རེད།

ལུས་སྦྱོང་།
Typography

བོད་དུ་རྡོ་འཕེན་ལུས་རྩལ་ནི་རྟ་རྒྱུག་མདའ་འཕེན་སོགས་དང་འདྲ་བར་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རིགས་ཀྱི་སྲོལ་རྒྱུན་རོལ་རྩེད་རྣམ་གྲངས་གྲས་ཤིག་ཡིན། རྡོ་འཕེན་འགྲན་བསྡུར་གྱི་སྒྲིག་ལམ་ནི་རྡོ་འཕངས་པའི་བར་ཐག་གི་རིང་ཚད་དང་རྡོ་དེ་འབེན་ལ་ཁེལ་བའི་ཚད་ཕྱོགས་གཉིས་ལྟར་དུ་ཐག་གཅོད་བྱེད་པ་ཡིན།

རྡོ་འཕེན་པའི་རྩེད་ཐབས་སླ་ཤོས་ནི་སུས་རྡོ་ཐག་རིང་དུ་འཕེན་ཐུབ་མིན་ལ་བལྟ་བ་དེ་རེད། འགྲན་བསྡུར་བྱེད་དུས་སུ་འགྲན་བསྡུར་བ་རྒན་གཞོན་དང་མི་གྲངས་སོགས་ལ་མ་བལྟས་པར་ཚང་མ་གྲལ་གཅིག་ཏུ་སྒྲིག་ནས་རྡོ་ཐག་རིང་དུ་འཕེན་ཐུབ་པ་དེ་ལ་རྒྱལ་ཁ་ཐོབ་པ་ཡིན། ཅུང་རྙོག་འཛིང་ལྡན་པའི་རྩེད་སྲོལ་ནི་འབེན་ཤིང་བཙུགས་རྗེས་འགྲན་བསྡུར་མཁན་རྣམས་ཀྱིས་འབེན་ཤིང་ཐོག་ཏུ་འཕེན་མི་ཆོག་པར་འབེན་དང་བར་ཐག་ཆེས་ཉེ་མཁན་དེ་ནི་རྒྱལ་ཁ་ཐོབ་མཁན་ཡིན་ལ་གཙང་ཁུལ་གྱི་གཞིས་ཀ་རྩེ་རུ་རྩེད་སྲོལ་འདི་ཅུང་ཟད་དར་ཁྱབ་ཆེ་བ་ཡིན།

འགྲན་བསྡུར་པ་རྣམས་མི་གྲངས་མང་ཉུང་མེད་པའི་དཔུང་གཉིས་ལ་བགོས་ནས་དཔུང་རེ་རེས་རང་གི་འབེན་བསླངས་དགོས་པ་མ་ཟད། “ཨ་ལི”ཞེས་འབོད་ཀྱི་ཡོད། འགྲན་བསྡུར་བ་རྣམས་ཀྱིས་སྒོར་ཞིང་ངོས་འཇམ་པའི་རྡོ་འདེམས་པ་དང་དེའི་ནང་དུ་རྡོ་ཅུང་ཆེ་བ་ཞིག་ཡོད་ལ་དེ་ཆེས་མཇུག་ཏུ་འཕེན་དགོས་ཤིང་དེ་ལ“རྐུབ་རྡོ”ཞེས་འབོད་པ་ཡིན། རྡོ་གཞན་གཉིས་ཡིན་ལ“མགོ་རྡོ”དང“བར་རྡོ”ཟེར་བ་ཡིན།

འགྲན་བསྡུར་ཁྲོད་དུ་ཕྱོགས་གཉིས་ཀྱིས་ནུས་བ་ཡོད། དགུའི་ཕ་རོལ་བའི་འབེན་དང་ཉེ་ཅི་ཐུབ་ཀྱིས་རྡོ་འཕེན་པ་དང་དུས་གཅིག་ཏུ་ཅུང་ལྗི་བའི“རྐུབ་རྡོ”བེད་སྤྱད་ནས་རང་ཕྱོགས་ཀྱི་འབེན་དང་ཉེ་བའི་གཞན་གྱི་རྡོ་ཐོག་ཏུ་བརྒྱབ་ནས་དེ་ཐག་རིང་དུ་འཕེན་པ་ཡིན། འགྲན་བསྡུར་མཁན་མི་རེ་རེའི་རྡོ་གསུམ་པོ་འཕང་ཚར་རྗེས་ཕྱོགས་གང་གི་རྡོ་འབེན་དང་བར་ཐག་ཉེ་མིན་ལྟར་དུ་རྒྱལ་ཕམ་ཐག་གཅོད་པ་ཡིན། མང་པོའི་དུས་སུ་འགྲན་བསྡུར་ཐེངས་གཅིག་གིས་རྒྱལ་ཕམ་ཐག་མི་གཅོད་པར་ཐེངས་གསུམ་ནས་ལྔ་དང་དེ་ལས་མང་བ་འགྲན་སྲོལ་ཡོད། ཚད་གཞི་ངེས་ཅན་ཞིག་གཏན་འཁེལ་བྱས་ནས་སྐར་གྲངས་རྩིས་ཆོག དཔེར་ན་སྐར་གྲངས་ལྔ་གཏན་འཁེལ་གྱི་ཕྱོགས་དེ་རྒྱལ་ཁ་ཐོབ་པ་ཡིན།

རྡོ་འཕེན་འགྲན་བསྡུར་ལ་ད་དུང་འབེན་ཚོད་ཐུག་པ་ཚད་གཞི་བྱེད་པ་ཡིན་ལ་བདེ་མོར་བཤད་ན་འབེན་དུ་ཁེལ་ན་ཆོག་པ་ཡིན། ཡིན་ཡང་འདིའི་གཏན་འཁེལ་བྱེད་པའི་ནང་དོན་ཞིབ་ཆ་ས་ཆ་སོ་སོར་མི་འདྲ་བ་ཡོད།

གསལ་བསྒྲགས་ཀྱི་ས་མིག