19
Fri, Apr

ངང་ལག་དང་སྐྱུར་ཁུ་ཡིས་རྒྱགས་ལུག་སྐམ་དུ་གཏོང་བ།

ལུས་སྦྱོང་།
ཡིག་གཟུགས་སྒྲིག་ཆས།

ངོ་མ་ཡ་མཚན་རེད། ངང་ལག་དང་རྫས་གཞན་ཞིག་བསྲེས་ནས་ཟོས་ན་ཟླ་བ་གཅིག་ནང་རྒྱ་མ་དགུ་མར་ཆག་འགྲོ དེ་སྔོན་ངའི་གཅེན་མོའང་ཐབས་ཤེས་འདིར་ཡིད་ཆེས་མ་སོང་། འོན་ཀྱང་འདིའི་ནུས་པ་ནི་ཧ་ལས་པ་རེད་འདུག  འཛམ་གླིང་ཡོངས་ཀྱི་མི་ཚང་མས་གཟུགས་པོ་སྐམ་དུ་གཏོང་བཞིན་པའི་སྐབས་འདིར་མ་རེར་དེའི་ཐོག་གི་ཐབས་ཤེས་ཡ་མཚན་ཅན་རེ་བཤད་རྒྱུ་ཡོད།

དེ་བས་གྲུབ་འབྲས་དེ་དག་ལའང་ལེགས་ཉེས་འབྱེད་ཁག་པོ་འདྲ་རེད། ཉིན་ལྟར་དགུང་དྲོའི་ཇ་འཐུང་བའི་དུས་སུ་ངས་ཁྱོད་ཚོར་ཉཱི་ཧོང་དང་ཀཱོ་རི་ཡར་དར་སྲོལ་ཆག་པའི་གཟུགས་པོ་སྐམ་པོར་གཏོང་སྟངས་གསང་བའི་ཐབས་ལམ་ཞིག་འཚོལ་བསྡུ་ཐུབ་པ་བྱུང་། དེ་ནི་ངང་ལག་དང་སྐྱུར་ཁུ་ ( རྒྱ་སྐད་ནང་ཚུའུ་ཟེར་བ། ) གཉིས་རེད། གཤམ་ལ་མཉམ་དུ་གཅིག་ལྟའོ།

 ངང་ལག་དང་སྐྱུར་ཁུ་ཡིས་རྒྱགས་ལུག་སྐམ་དུ་གཏོང་བའི་རྣམ་བཞག

 ངང་ལག་དང་སྐྱུར་ཁུ་བཟོ་སྟངས་ནི་ངང་ལག་དང་ཚུའུ་ཞེས་འབོད་པའི་སྐྱུར་ཁུ། བུ་རམ་བཅས་ཀྱིས་བཟོས་པ་ཞིག་ཡིན། ཐབས་ཤེས་འདི་ནི་སྐྱུར་འབྲས་ཀྱི་སྐྱུ་རྩི་ཡིས་འཁོར་རྒྱུག་གི་ནུས་པ་ཐོན་ཐབས་ཐོག་ནས་གཟུགས་པོ་སྐམ་དུ་གཏོང་རྒྱུ་དེ་རེད། སྐྱུར་རྩི་འཁོར་རྒྱུག་ཅེས་པ་ནི་གཟུགས་པོའི་ཐོག་གི་ཚི་ལུ་དང་ས་ཆུའི་སྙིང་པོ། Carbohydrate སྤྲི་དཀར་བཅས་བཅུད་རྫས་རིགས་ཁག་བགོས་ཀྱིས་འབྱུང་བའི་ནུས་པ་ཞིག་ཡིན། ངང་ལག་དང་སྐྱུར་རྩིས་གཟུགས་པོ་སྐམ་དུ་གཏོང་ཐབས་སུ་ཡོད་པའི་སྐྱུར་རྩི་དང་། སྐྱུར་འབྲས་སུ་ཡོད་པའི་སྐྱུར་རྩི། ཀུ་ཤུའི་ནང་ཡོད་པའི་སྐྱུར་རྩི་གཟུགས་པོའི་ནང་འཛུལ་ཏེ་སྐྱུར་འབྲས་ཀྱི་སྐྱུར་རྩིས་འཁོར་རྒྱུག་གི་ནུས་པ་ཐོན་གྱི་ཡོད། ངང་ལག་ནང་ཡོད་པའི་བཅུད་རྫས་ཀ་ར་ནི་སྔར་བའི་འགུལ་ཤུགས་ཆེ་བ་ཞིག་ཡིན་པས་དེས་གྲུབ་འབྲས་ཆེས་ཆེར་ཐོན་ཐུབ་པ་ཡིན།

 དེ་བས་དྲོད་ཧ་ཅང་ཆེ་བའི་ཟས་རིགས་ཟོས་ཀྱང་དེ་མི་ཞུ་བའི་སེམས་འཁུར་མེད་པས་འདི་ཆུ་གཅིག་པུར་འཐུང་ནས་བསྡད་ཀྱང་རྒྱགས་པར་ཆག་འགྲོ་བའི་མི་རྒྱགས་ལུག་ཚོར་མཚོན་ན་གཏམ་བཟང་ཞིག་རེད།

 ངང་ལག་དང་སྐྱུར་ཁུ་བཟོ་སྟངས་ཀྱི་རྒྱུ་ཆ།

 ༡། ངང་ལག་ ༡ ནས་ ༢ བར།

༢། བུ་རམ། བུ་རམ་ནི་མཚོན་མདོག་ག་ཚོད་ནག་ན་ལེགས།ཡག་ཤོས་བྱུང་ན་བུ་རམ་ནག་པོ་དགོས།

༣།ཤིང་ཏོག་གིས་བཟོས་པའི་སྐྱུར་ཁུའམ་འབྲས་ཀྱིས་བཟོས་པའི་སྐྱུར་ཁུ།(ཟས་ནང་བེད་སྤྱོད་པའི་ཚུའུ་ལ་གོ )

 བཟོ་སྟངས།

 ༡། ངང་ལག་དུམ་བུ་ཆུང་ངུ་ལེབ་མོར་བཏུབས།

༢། ཁ་གཅོད་ཡོད་པའི་དམ་བེའམ་ཤེལ་དམ་ཞིག་ཏུ་བུ་རམ་དེའི་ནང་དུ་བླུགས།

༣། དེའི་ནང་སྐྱུར་ཁུ་ཚུའུ་ཤེལ་དམ་གྱི་ཁ་གང་བའམ་ཁེངས་པར་བླུགས།

༤། སྐྱུར་ཁུ་དང་བུ་རམ་གཉིས་དཀྲུག་དཀྲུག་ཡག་པོར་བཏང།

༥། དེའི་ནང་བཏུབས་ཟིན་པའི་ངང་ལག་དེ་དག་བླུགས།

༦། དེ་ཁ་གཅོད་རྒྱབ་ནས་ཆུ་ཚོད་ ༢༤ རྗེས་ཕྱིར་བཏོན་ནས་ཟོས་ན་འགྲིག

 ངང་ལག་དང་སྐྱུར་ཁུ་འདི་ཟ་སྟངས་ནི།

 ཉིན་རེར་ཐུར་མ་ ༣ ཙམ་དང་ངང་ལག་བུ་རམ་ཁུ་བ་དེ་འཐུང་། དེ་ནས་འཐུང་བའམ་ཡང་ན་ཆུ་འཁོལ་གྲང་གིས་སླ་རུ་གཏོང་ནས་འཐུང་ནའང་འགྲིག ཁྱོད་ཀྱིས་ཞོགས་པ་དང་ཉིན་དགུང་། མཚན་མོ་དུས་གསུམ་ལ་ཐུར་མ་རེར་འཐུང་རྒྱུ་དང་། དེའི་ནང་གི་ངང་ལག་ཟོས་ནའང་ཆོག ཟ་མ་མ་ཟོས་སྔོན་ལ་ཟ་དགོས། འོན་ཀྱང་ཕོ་བ་དང་རྒྱུ་མ་ཡག་པོ་མེད་པ་ཚོས་ཟས་ཟོས་ཚར་རྗེས་ཀྱི་སྐར་མ་ ༡༠ ཡི་རྗེས་སུ་ངང་ལག་སྐྱུར་རྩི་འདི་ཟོས་ན་ལེགས།

 ངང་ལག་ནི་ཐད་ཀར་ཟ་ཆོག་ཅིང་དེའི་ཁུ་བ་འཐུང་ནའང་འགྲིག་པ་ཕུད། ད་དུང་དེ་ཟས་ནང་བླུགས་ནས་ཟོས་ནའང་ཆོག དཔེར་ན་འོ་མ་དང་སྲན་མའི་ཁུ་བ། སྔོ་ཚོད་ཀྱི་ཁུ་བ། རླངས་བཙོས་དང་རྡོག་བཙོས་རྒྱག་པའི་སྔོ་ཚོད་བཅས་ཡིན། དེ་འདྲ་བྱས་ན་ཁ་ལ་ཞིམ་པ་དང་ཟས་རིགས་ནང་གི་བཅུད་ལྡབ་འགྱུར་གྱི་ཕན་འབྲས་ཆེ་བ་ཐོན་ཐུབ། དཔེར་ན་ངང་ལག་སྐྱུར་ཁུ་ཐུར་མ་ ༡ ནང་འོ་མ་ཤེལ་ཕོར་ ༡ བསྡོམས་ན་ཁ་ལ་ཞོ་ལྟ་བུའི་བྲོ་བ་ཞིག་སླེབས་ཀྱི་ཡོད། ངང་ལག་སྐྱུར་ཁུ་ཐུར་མ་ ༡ དང་སྲན་ཁུ་བསྡོམས་ནའང་སྲན་ཁུའི་དྭངས་ཤེད་གསལ་དུ་འགྲོ

 ངང་ལག་སྐྱུ་ཁུས་གཟུགས་པོ་སྐམ་དུ་གཏོང་ཐབས་འདི་ནི་ཆེས་སྟབས་བདེ་དང་ཡིད་ལ་འཐད་པོ་ཞིག་རེད། ཆེས་དགའ་འོས་པ་ཞིག་ནི་དེའི་རྒྱུད་རིམ་ཁྲོད་ནས་ཁྱོད་རང་བསམ་བློ་གཏོང་ལོང་མེད་པར་རྒྱགས་ལུག་དེ་སྐམ་དུ་འགྲོ་ཐུབ་པ་དེ་རེད།

 ཆེད་ལས་མི་སྣས་ཞིབ་འཇུག་བྱས་པ་ལྟར་ན། ཉཱི་ཧོང་རྒྱལ་ཁབ་ཏུ་མི་མང་པོས་ངང་ལག་སྐྱུར་ཁུ་འདི་འཐུང་བར་བརྟེན་ནས་ཟླ་བ་གཉིས་ཀྱི་རིང་ལ་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་ ༨ ཙམ་མར་ཆག་པ་དང་། གཟུགས་པོའི་ཐོག་གི་ཚིལ་ལུའང་བརྒྱ་ཆ་ ༧ ཙམ་ཉུང་དུ་སོང་ཡོད་སྐོར་བཤད་འདུག དེས་མ་ཚད་ལུས་ཀྱི་ཚིལ་ལུ་བསྡུས་པའི་སྐྱོན་ཆའང་མེད་པ་ཆག་ནས་ལུགས་མཐུན་བྱུང་ཡོད་པ་རེད། ངང་ལག་སྐྱུར་ཁུ་ཡིས་སྐམ་དུ་གཏོང་ཐབས་འདིའི་ནུས་པ་ནི་ངོ་མ་ཡ་མཚན་དགོས་པ་ཞིག་རེད། བདེ་ཐང་ངང་ནས་སྐམ་དུ་གཏོང་དགོས་ན་ངང་ལག་སྐྱུར་ཁུ་འདི་མཆོད་རོགས་བྱོས།

 ཨཱ་ཅོ་ ( འདི་རྩོམ་ཡིག་འདི་འབྲི་མཁན་ཡིན། ) ངས་ཁྱོད་ཚོར་དོ་སྣང་བྱེད་དགོས་པ་འགའ་བཤད་ཀྱི་ཡིན།

༡། ཉིན་ལྟར་ངང་ལག་སྐྱུར་ཁུ་ཐུར་མ་ ༣ ཙམ་ཞོགས་དགུང་གི་དུས་གསུམ་ལ་ཐུར་མ་རེར་དང་། དུས་མཚུངས་སྦང་ཚར་བའི་ངང་ལག་ཟོས་ཀྱང་ཆོག

 ༢། དེ་ཐད་ཀར་འཐུང་བའམ་ཆུ་འཁོལ་གྲང་གིས་སླ་རུ་གཏོང་ནས་ཟ་མ་མ་ཟོས་སྔོན་ལ་འཐུང་དགོས། འོན་ཀྱང་ཕོ་རྒྱུ་བདེ་པོ་དེ་ཙམ་མེད་མཁན་གྱིས་ཟས་ཟོས་རྗེས་སྐར་མ་ ༡༠ ཡི་རྗེས་སུ་ཟོས་ན་ཅུང་ཡག་པ་ཡོད།

 ༣། ངང་ལག་སྐྱུ་ཁུའི་དབར་གྱི་བསྡུར་ཚད་ནི་ ༡ དང་ ༡༠ བསྡུར་ནས་དམ་བུའི་ནང་བླུགས། དེའང་ལུས་སྦྱོང་སྐབས་ཀྱི་ཆུ་ལྟར་འཐུང་ན་འགྲིག སྐྱུར་དྲི་ཅུང་ཡོད་ཅིང་དེ་ནི་ལུས་སྦྱོང་སྐབས་འཐུང་བྱའི་རིགས་དང་ཅུང་མཚུངས། ལུས་སྦྱོང་སྐབས་དེ་འཐུང་ན་གཟུགས་པོར་ཆུ་དང་མངར་ཆུ། སྦྱོར་དའི་ཆོ་ག་དང་སྐྱུར་ཆུ་ཤོར་སོང་བར་ཁ་གསབ་ཀྱིས་བདེ་ཐང་སྐྱར་གསོ་ཡོང་བར་ཕན། དུས་མཚུངས་ཟས་ནང་བླུགས་ཀྱང་གཅིག་མཚུངས་ཀྱི་ཕན་ནུས་ལྡན། དཔེར་ན་སྲན་ཁུ། འོ་མ། སྔོ་ཚོད། སྔོ་ཚལ་བརྔོས་མ། ཤ་རིགས། གྲང་ཚལ་དང་གྲོའི་རིགས་ཀྱི་ཟས་བཅས་ནང་ལའང་བླུགས་ཆོག་ལ། ཁ་ལ་དམིགས་བསལ་གྱི་ཞིམ་པོ་དང་བྲོ་བ་ཡོད་པ་ཡིན།

 ༤། ངང་ལག་སྐྱུ་ཁུ་ནི་ཐད་ཀར་སྤྱོད་ཀྱང་འགྲིག་ལ། དེ་མིན་ཟས་རིགས་དཔེར་ན་འོ་མ་དང་སྲན་ཐུག ཤིང་ཏོག་གི་སྔོ་ཚོད་ཁུ་བ། རླངས་བཙོས་རྒྱག་པའི་སྔོ་ཚལ་བཅས་ནང་བླུགས་ནའང་འགྲིག དེ་ཞིམ་པོ་དང་ཟས་གཞན་གྱི་བཅུད་ལ་ལྡབ་འགྱུར་གྱི་ཕན་པ་ཡོད། དཔེར་ན་ངང་ལག་སྐྱུར་ཁུ་ཐུར་མ་ ༡ དང་འོ་མ་ཕོར་པ་ ༡ མཉམ་འཐུང་བྱས་ན་ཞོ་ལྟ་བུའི་བྲོ་བ་ལྡན། ངང་ལག་སྐྱུ་ཁུ་ཐུར་མ་ ༡ དང་སྲན་བཅུད་ཁུ་བ་ཕོར་པ་ ༡ མཉམ་དུ་སྤྱོད་ན་སྲན་ཐུག་དེ་དྭངས་གསལ་ཆེ་རུ་འགྲོ

 ༥། གལ་ཏེ་ངང་ལག་གི་བྲོ་བར་དགའ་པོ་མེད་ན། དེའང་ཀུ་ཤུ་དང་རྒུན་འབྲུམ། ཁ་ཏིག་སྔོ་ལྡུམ་བཅས་ལ་བསྒྱུར་ནས་སྤྱོད་ཀྱང་ཆོག དེ་མཚུངས་ཀྱི་ཐབས་ཤེས་ཐོག་ནས་ཀུ་ཤུའི་སྐྱུར་ཁུ་དང་རྒུན་འབྲུམ་སྐྱུར་ཁུ། ཁ་ཏིག་སྐྱུར་ཁུའང་བཟོས་ན་འགྲིག་གི་རེད་ལ་གཅིག་མཚུངས་ཀྱི་ནུས་པའང་ཐོན་གྱི་ཡོད་པ་རེད། དེ་མིན་ཤིང་ཏོག་སྐྱུར་ཁུར་དེ་སྤྱི་བཏང་གི་སྐྱུར་ཁུ་བེད་སྤྱོད་ནས་བཟོས་ནའང་འགྲིག་གི་ཡོད་པ་རེད།