23
Tue, Apr

འཛམ་གླིང་ཁོར་ཡུག་ཉིན་མོ།

གཙང་སྦྲ།
ཡིག་གཟུགས་སྒྲིག་ཆས།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༦ཚེས་༦ཉིན་སྤེལ། འཛམ་གླིང་ཁོར་ཡུག་ཉམས་རྒུད་ཀྱིས་འགྱུར་ལྡོག་རིམ་བཞིན་ཇེ་མྱུར་འགྲོ་བཞིན་པ་དང་བསྟུན། འགྲོ་བ་མི་རིགས་དང༌། སྲོག་ཆགས། སྐྱེས་དངོས་རྩི་ཤིང་སོགས་ཀྱི་འཚོ་ག་ནས་དང་བདེ་ཐང་ལ་ཉེན་ཁ་དང་འཇིགས་སྣང་འཕར་མ་སྤྲོད་ཀྱི་ཡོད།

རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་མི་རེ་ངོ་རེ་ལ་འཕྲད་པའི་འོས་འགན་གལ་ཆེའི་ཞིག་ཆགས་ཡོད་ཅིང༌། རྒྱལ་སྤྱིའི་ནང་རྒྱལ་ཚོགས་གཙོས་པའི་འགན་ཁུར་ལྡན་པའི་གཞུང་དང་ཚོགས་པ། དེ་བཞིན་སྐྱེས་འགྲོ་མང་པོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་འགན་ཁུར་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོ་ཙམ་མ་ཡིན་པར་གོ་རྟོགས་ལས་འགུལ་རིགས་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ་བསྟུན།

དྷ་སར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གོ་སྒྲིག་འོག་ཕྱི་ཟླ་༦ པའི་ཚེས་༥ ཉིན་དྷ་སའི་ཁོར་ཡུག་གཙང་བཟོའི་ལས་འགུལ་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་ཞུས་ཡོད་ཅིང༌། ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་ཚོགས་པའི་ཕྱི་རྒྱལ་དང་བླངས་བ་དང༌། སློབ་ཕྲུག ལས་བྱེད། དེ་བཞིན་ས་གནས་མི་མང་འགའ་ཤས་བྱུང་ཡོད་པ་རེད། དེ་དང་འབྲེལ་ཡོད་ལོ་སྔོན་མའི་འཛམ་གླིང་ཁོར་ཡུག་ཉིན་འདོན་སྤེལ་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་དེབ་"སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གནའ་དེང་ཤེས་བྱ་དང༌། རྒྱལ་སྤྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་"ཞེས་པ་གྲངས་༢༠༠ ལྷག་རིན་མེད་འགྲེམས་སྤེལ་བྱས་ཡོད་པ་རེད། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས།