20
Fri, Jul
34 New Articles

འཛམ་གླིང་གི་ཁོར་ཡུག་ཉིན་མོ།

གཙང་སྦྲ།
Typography

1.ཁོར་ཡུག་གྱི་དུས་ཆེན། གཙོ་བོ་འཛམ་གླིང་གི་ཆུའི་ཉིན་མོ་ནི(ཟླ་གསུམ་པའི་ཚེས་ཉེར་གཉིས)ཡིན། འཛམ་གླིང་གི་གནམ་གཤིས་ཉིན་མོ་ནི(ཟླ་གསུམ་པའི་ཚེས་ཉེར་གསུམ)ཡིན། འཛམ་གླིང་གི་གློག་འཕྲིན་ཉིན་མོ་ནི(ཟླ་ལྔ་བའི་ཚེས་བཅུ་བདུན)ཡིན། འཛམ་གླིང་གི་དུ་བ་གཅོད་པའི་ཉིན་མོ་ནི(ཟླ་ལྔ་བའི་ཚེས་སོ་གཅིག་ཉིན)ཡིན།

འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཉིན་མོ་ནི(ཟླ་དྲུག་པའི་ཚེས་ལྔ)ཡིན། འཛམ་གླིང་གི་ཐང་རྒོལ་འགོག་བཅོས་དང་ཐན་པ་སེལ་བའི་ཉིན་མོ་ནི(ཟླ་དྲུག་པའི་ཚེས་བཅུ་བདུན)ཡིན། ཀྲུང་གོའི་ས་ཞིང་ཉིན་མོ་ནི(ཟླ་དྲུག་པའི་ཚེས་ཉེར་ལྔ)ཡིན། འཛམ་གླིང་གི་མི་གྲངས་ཉིན་མོ་ནི(ཟླ་བདུན་པའི་ཚེས་བཅུ་གཅིག)ཡིན། རྒྱལ་སྤྱིའི་དུག་འགོག་ཉིན་མོ་ནི(ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན)ཡིན། རྒྱལ་སྤྱིའི་དྲི་ངན་དབྱང་རླུང་བང་རིམ་སྲུང་སྐྱོབ་ཉིན་མོ་ནི(ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན)། འཛམ་གླིང་གི་ལྗོངས་རྒྱུ་ལྟ་སྐོར་ཉིན་མོ་ནི(ཟླ་དགུ་བའི་ཚེས་ཉེར་བདུན་ཉིན)། འཛམ་གླིང་གི་འབྲུ་རིགས་ཉིན་མོ་ནི(ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན)། རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་ནི(ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན)སྡོང་འཛུགས་དུས་ཆེན་ནི(ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན)བྱ་ལ་དགའ་བའི་དུས་ཆེན་དང་བྱ་ལ་དགའ་བའི་གཟའ་འཁོར་ནི(ལོ་རེའི་ཟླ་བཞི་བ་ནས་ཟླ་མགོའི་གཟའ་འཁོར་གཅིག་གི་ནང་ཡིན)

2.འཛམ་གླིང་གི་ཁོར་ཡུག་ཉིན་མོ།

1972ལོའི་ཟླ་བཅུ་བ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཉེར་བདུན་པའི་གྲོས་ཆོད་ལ་གྲོས་མཐུན་བྱུང་ནས། ལོ་རེའི་ཟླ་དྲུག་པའི་ཚེས་ལྔ་ཉིན་ནི་འཛམ་གླིང་གི་ཁོར་ཡུག་ཉིན་མོར་གཏན་འཁེལ་བ་དང༌། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱབ་ཁབ་སོ་སོའི་སྲིད་གཞུང་གིས་ལོ་རེའི་ཉིན་དེར་བྱ་འགུལ་སྣ་ཚོགས་སྤེལ་ནས། འཛམ་གླིང་ཡོངས་ཀྱིས་སའི་གོ་ལ་ཧྲིལ་བོའི་ཁོར་ཡུག་གི་གནས་ཚུལ་དང་མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་ཁོར་ཡུག་ལ་གནོད་འཚེ་བཏང་བར་མཉམ་འཇོག་བྱེད་དགོས་པའི་དྲན་སྐུལ་བཏང་ནས། མིའི་རིགས་འཚོ་གནས་བྱེད་པའི་ཁོར་ཡུག་ལ་སྲུང་སྐྱོབ་དང་ལེགས་བཅོས་བྱེད་དགོས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

3.འཛམ་གླིང་གི་ཁོར་ཡུག་ཉིན་མོའི་བརྗོད་བྱ་གཙོ་བོ།

1985ལོར ན་གཞོན མི་གྲངས ཁོར་ཡུག

1986ལོར ཁོར་ཡུག་དང་ཞི་བདེ།

1987ལོར ཁོར་ཡུག་དང་སྡོད་གནས།

1988ལོར ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་བསྲིང་ངང་འཕེལ་རྒྱས། སྤྱི་མང་ཞུགས་པ།

1989ལོར དོགས་ཟོན། སའི་གོ་ལ་ཧྲིལ་བོ་ཇེ་དྲོར་གྱུར་བ།

1990ལོར བྱིས་པ་དང་ཁོར་ཡུག

1991ལོར གནམ་གཤིས་ལ་འགྱུར་ལྡོག་ཡོད་པས། སའི་གོ་ལ་ཧྲིལ་བོས་མཉམ་ལས་བྱེད་པར་དགོས་མཁོ་ཡོད་པ།

1992ལོར སའི་གོ་ལ་གཅིག་མ་གཏོགས་མེད་པས། སེམས་ཁུར་དང་མཉམ་དུ་ལོངས་སྤྱོད་བྱེད་དགོས་པ།

1993ལོར དབུལ་ཕོངས་དང་ཁོར་ཡུག་གིས་འཁོར་རྒྱུག་ངན་པ་ལས་ཐར་བ།

1994ལོར སའི་གོ་ལ་གཅིག་དང༌། ཁྱིམ་ཚང་གཅིག

1995ལོར རྒྱལ་ཁབ་སོ་སོའི་མི་དམངས་མཉམ་འབྲེལ་བྱས་ནས། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་གསར་སྐྲུན་བྱེད་པ།

1996ལོར ང་ཚོའི་སའི་གོ་ལ་དང་གཏན་སྡོད་བྱེད་ས། ཁྱིམ་གཞི།

1997ལོར སའི་གོ་ལའི་སྟེང་གི་ཚེ་སྲོག་གི་ཆེད་དུ།

1998ལོར སའི་གོ་ལའི་སྟེང་གི་ཚེ་སྲོག་དང་ང་ཚོའི་རྒྱ་མཚོ་སྐྱོབ་ཆེད།

1999ལོར ང་ཚོའི་ཐུན་མོང་གི་མ་འོངས་པའི་ཆེད་དུ།

2001ལོར འཛམ་གླིང་གི་སྐྱེ་དངོས་ཁྲི་སྟོང་མང་བོའི་ཚེ་སྲོག་གི་དྲ་རྒྱ།

2002ལོར སའི་གོ་ལར་སྐྱེ་སྟོབས་ཀྱིས་ཁེངས་སུ་འཇུག་པ།

2003ལོར ཆུ་ནི་མི་དུང་ཕྱུར་གཅིག་གི་ཚེ་སྲོག་གི་དགོས་མཁོ་རེད།

2004ལོར མི་ཚང་མར་རྒྱ་མཚོར་སྲུང་སྐྱོང་བྱེད་པའི་ལས་འགན་ཡོད།

 

གསལ་བསྒྲགས་ཀྱི་ས་མིག