20
Sat, Apr

སོ་སྲིན་ཅི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན། བུ་ག་སྦྱར་བ།

གཙང་སྦྲ།
ཡིག་གཟུགས་སྒྲིག་ཆས།

སོ་སྲིན་ནི་སོ་ལ་འབུ་ཕྲ་གཙོ་བོ་ཡིན་པའི་རྒྱུ་རྐྱེན་སྣ་མང་གི་ཤུགས་རྐྱེན་ཐེབས་ནས་དལ་གྱིས་གནོད་པ་བྱུང་བའི་ནད་རིགས་ཤིག་ཡིན། སོ་སྲིན་ནི་མིའི་རིགས་ཀྱི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་པས། འཛམ་གླིང་གི་འཕྲོད་བསྟེན་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་གཏོང་བའི་ནད་རིགས་ཨང་གསུམ་པར་བཀོད། དེ་ཡང་སྐྲན་ནག་དང་སྙིང་གི་ཁྲག་རྩའི་ནད་ཀྱི་འཕྲོ་ཡིན། གཅིག ཅི་ཞིག་ལ་སོ་སྲིན་ཟེར། སོ་སྲིན་ནི་སོ་ལ་འབུ་ཕྲ་གཙོ་བོ་ཡིན་པའི་རྒྱུ་རྐྱེན་སྣ་མང་གི་ཤུགས་རྐྱེན་ཐེབས་ནས་དལ་གྱིས་གནོད་པ་བྱུང་བའི་ནད་རིགས་ཤིག་ཡིན།

སོ་སྲིན་ ནི་མིའི་རིགས་ཀྱི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་པས། འཛམ་གླིང་གི་འཕྲོད་བསྟེན་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་གཏོང་བའི་ནད་རིགས་ཨང་གསུམ་པར་བཀོད། དེ་ཡང་སྐྲན་ནག་དང་སྙིང་གི་ཁྲག་རྩའི་ནད་ཀྱི་འཕྲོ་ཡིན། སྤྱིར་བཏང་གི་གནས་ཚུལ་འོག་མིའི་ཚེ་སྲོག་ལ་ཉེན་ཁ་མེད་པས།མི་རྣམས་ཀྱིས་མཐོང་ཆེན་མི་བྱེད་པ་རེད།།

གཉིས། སོ་སྲིན་བྱུང་བའི་རྒྱུ་རྐྱེན་གང་དག་ཡོད།

1.འབུ་ཕྲའི་རྒྱུ་རྐྱེན་ནི་སོ་ནད་བྱུང་བའི་ཆ་རྐྱེན་ཞིག་རེད།འབུ་ཕྲ་ནི་གཙོ་བོ་སོ་དྲི་ལ་བརྟེན་ནས་སོ་ཐོག་ཏུ་འབྱར་ཡོད། ཟས་ཐེངས་རེ་ཟོས་རྗེས།སོ་ཐོག་གི་འབུ་ཕྲ་དེ་དག་ཟས་ནང་གི་མངར་ཆའམ་ཡང་ན་བྱིང་ཕྱེ་དང་རྫས་འགྱུར་གྱི་བྱེད་ནུས་བྱུང་སྟེ་སོ་རུལ་བྱེད་ཀྱི་སྐྱུར་གཤིས་དངོས་རྫས་ཆགས། ཡུན་རིང་པོ་སོང་ན་སོའི་ཕུང་གྲུབ་ལ་གཏོར་བརླག་བྱས་ནས་སོ་ལ་བུ་ག་བྱུང༌།

2.རྟེན་གཞིའི་རྒྱུ་རྐྱེན་ལ་སོའི་ཕུང་གྲུབ་ཆགས་ཚུལ་མི་ལེགས་པ་དང༌།ཁ་ནང་གི་ཁོར་ཡུག་ལ་སྐྱོན་ཡོད་པ།མཆིལ་མ་ཉུང་བ་བཅས་འདུས།

3.བཟའ་བཏུང་གི་རྒྱུ་རྐྱེན་ནི་བཟའ་བཏུང་ནང་གི་མངར་ཆའམ་ཐཱན་ཆུ་འདྲེས་འགྱུར་རྫས་འཐུང་བ་མང་བ་ལ་ཟེར། མངར་ཆ་དེ་འབུ་ཕྲར་ཞུགས་རྗེས།འབུ་ཕྲའི་ནང་གི་སོ་རུལ་བྱེད་འབུ་ཕྲས་མངར་ཆ་དེ་སྐྱུར་རུ་བཅུག་ནས་སྐྱུར་གཤིས་དངོས་རྫས་བྱུང༌། སྐྱུར་གཤིས་དངོས་རྫས་དེ་དག་སོ་ཐོག་ཏུ་འབྱར་ནས་སོའི་ཕུང་གྲུབ་ལ་གནོད་པ་བཟོས་ཏེ་རུལ་ནད་བྱུང༌། སོ་སྐྱེས་པའི་སྐབས་སུ།དྲོས་ཇ་དང་དགུང་ཇའི་བར་དང༌།ཉལ་ཁར་ཀ་ར་ཟོས་ན་གནོད་པ་ཤིན་ཏུ་ཆེ།

4. དུས་ཚོད་ཀྱི་རྒྱུ་རྐྱེན།རུལ་ནད་བྱུང་བ་དང་དེ་ཇེ་སྡུག་ཏུ་འགྲོ་བ་ནི་ཡུན་རིང་གི་གོ་རིམ་ཞིག་རེད། ཐོག་མའི་རུལ་ནད་དང་རུལ་བུག་འབྱུང་བར་ལོ1.5-2དགོས་པས། རུལ་བཟོ་འབུ་ཕྲ་དང༌། སྐབས་འཕྲོད་ཀྱི་ཁོར་ཡུག ཤེས་སླའི་རྟེན་གཞི་བཅས་དུས་མཉམ་དུ་གནས་ཀྱང༌། རུལ་ནད་འཕྲལ་དུ་འབྱུང་མི་སྲིད། རྒྱུ་རྐྱེན་འདི་གསུམ་དུས་ཡུན་རིང་པོར་གནས་ན་ད་བཟོད་རུལ་ནད་འབྱུང༌།

གསུམ། སོ་སྲིན་གྱིས་གནོད་པ་ཅི་ཞིག་བཟོ་ཐུབ།

ནད་བྱུང་བའི་དང་ཐོག་སོ་རུལ་སའི་ཁ་དོག་དང་དྭངས་ཚད་ལ་འགྱུར་ལྡོག་བྱུང་ནས། མདོག་དཀར་པོ་དང༌།ཁམ་མདོག ཁམ་ནག་ཏུ་གྱུར།སྐབས་དེར་ནད་རྟགས་ཅི་ཡང་མེད།

ཁག་འབྱེད་གཏོར་བརླག་མུ་མཐུད་དུ་བྱས་པ་དང་བསྟུན་ནས། སྲ་འཐས་ཀྱི་སོའི་ཕུང་གྲུབ་མཉེན་མོར་གྱུར།མཐར་གཏིང་ཚད་མི་འདྲ་བའི་བུ་ག་བྱུང༌། སྐབས་དེར་ཟས་རིགས་སྐྱུར་མངར་འཁྱག་རིགས་ཅན་ཟོས་ན་སོ་ན་བ་རེད།

ནད་འགྱུར་དེས་མུ་མཐུད་དུ་གཏིང་ཟབ་སའི་སོའི་རྐང་མར་རུལ་ནས། སོའི་རྐང་མར་ལ་མྱུར་དུ་གཉན་ཚད་འབྱུང་དུ་བཅུག་ན། རང་བྱུང་ཅན་དང་དུས་སྐབས་ཅན་གྱི་སོ་ན་བ་བྱུང་བ་རེད། སྐབས་དེར་ཟས་རིགས་འཁྱག་པ་དང་ཚ་བ་ཟོས་པ་དང༌། ཡང་ན་དགུང་མོར་ན་བ་དེ་ཇེ་དྲག་ཏུ་འགྱུར་ངེས་ཡིན།

གཉན་ཚད་དེས་གོམ་གང་མདུན་སྤོས་ཀྱིས་སོ་རྩའི་འཁོར་ཡུག་རུལ་པར་བྱས་ན། སོ་རྙིལ་དང་ངོ་གདོང་ལ་སྐྲངས་པ་དང་ན་བ་འབྱུང་དུ་འཇུག་སྲིད། ཚབས་ཆེན་ཡིན་ན་མ་མགལ་རུས་པའི་གཉན་ཚད་འབྱུང་བ་དང༌། ཐ་ན་ལུས་ཧྲིལ་བོར་ཤུགས་རྐྱེན་ཐེབས་ངེས་ཡིན།

སོ་སྲིན་བུ་ག་ཇེ་ཆེར་གྱུར་བ་དང་བསྟུན་ནས། མཇུག་མཐར་སོ་མི་འབལ་ཀ་མེད་བྱུང༌། དེ་ནས་འཆའ་བའི་དབང་པོའི་ཆ་ཚང་ལ་གཏོར་བརླག་བཏང་བ་དང༌། འཇུ་ནུས་ཇེ་ཉམས་སུ་གྱུར་ནས། ལུས་པོའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ངེས་ཡིན།

བཞི། སོ་སྲིན་བྱུང་ན་ཐབས་ཅི་ཞིག་བཀོལ།

སོ་སྲིནཀྱི་སྔ་དུས་ནད་རྟགས་མངོན་གསལ་མེད་ལ། བུ་ག་ལ་ཟས་རིགས་འཁྱག་པ་དང་ཚ་བ། སྐྱུར་བ། མངར་བ་བཅས་ཟོས་དུས། སོ་ལ་སྐྱུར་ན་བའི་ཚོར་བ་འབྱུང་བ་རེད། གོང་གི་ནད་རྟགས་བྱུང་དུས། སྨན་ཁང་དུ་སྨན་པ་ལ་བསྟེན་དགོས།

ནད་པ་ཁ་ཤས་ཀྱིས་ནོར་འཕྲུལ་གྱིས་སོ་ན་བ་ཆེ་དྲགས་ན། སོ་ཚབ་འཛུགས་མི་རུང་པར་བསམས་ནས། རྟག་པར་དལ་འགོར་བྱས་ཏེ། སྨན་བཅོས་ཀྱི་གོ་སྐབས་ལེགས་པོ་ཤོར། སོ་ན་བ་ཇེ་སྡུག་ཏུ་སོང་ན་དུས་ཐོག་ཏུ་སྨན་པ་ལ་བསྟེན་པ་དང༌། སོ་ན་བའི་རིགས་གང་ཡིན་རུང་དུས་སྔ་མོར་སྨན་བཅོས་བྱེད་དགོས་པ་རེད།

སོ་ཚབ་འཛུགས་པ་དེ་ནི་སོ་སྲིན་སྨན་བཅོས་བྱེད་པའི་ཐབས་གཙོ་བོ་ཡིན། ནད་པ་མང་པོ་སོར་བུ་ག་བརྟོལ་པར་སྐྲག་པས། སྨན་བཅོས་བྱེད་པའི་དུས་་ཚོད་དལ་འགོར་བྱས། སྨན་བཅོས་ལས་དོན་གོང་འཕེལ་དུ་སོང་བ་དང་བསྟུན་ནས། མིག་སྔར་སྨན་ཁང་མང་ཆེ་བས་སྔོན་ཐོན་ཅན་གྱི་མྱུར་མགྱོགས་སྒྲོ་གཤོག་འཕྲུལ་འཁོར་བཀོལ་བར་མ་ཟད། ད་དུང་སོར་བུ་ག་འབིག་དུས་སྨན་ཆུ་གཏོར་ཆས་བཀོལ་བས། ན་བའི་ཚོར་བ་ཕལ་ཆེར་མེད། སྨན་པས་ཚོར་བ་རྣོ་བའི་ནད་པར་སྦྲིད་སྨན་བབརྒྱབ་ནས་སྨན་བཅོས་བྱེད་པ་རེད། སོ་ཚབ་བཙུགས་རྗེས་དུས་ཚོད2འགོར་རྗེས་ད་གཟོད་ཟས་རིགས་ཟ་ཆོག སོ་ཚབ་བཙུགས་རྗེས་ན་བ་བྱུང་བའམ་ཡང་ན་མི་བདེ་ན། ཕྱི་ཉིན་ཡང་སྨན་ཁང་དུ་སོང་ནས་སྨན་པ་ལ་བསྟེན་དགོས།

སོ་སྲིན་ལ་ཅི་ལྟར་སྔོན་འགོག་བྱེད་དགོས།

1. སོ་སྲིན་ལ་ཅི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན། ཁའི་འཕྲོད་བསྟེན་གོམས་གཤིས་བཟང་པོ་ཞིག་ཆགས་དགོས།

ནངས་དགོང་སོ་བཀྲུ་བ་དང་ཟས་ཟོས་རྗེས་ཆུས་ཁ་བཤལ་་ནས།སོ་སྲུབས་ལ་ཤ་དང་ཚལ་སོགས་མི་འཛུལ་པ་དང་སོ་ལ་སོ་དྲི་མི་ཆགས་པར་བྱེད་དགོས། ལྷག་པར་མ་ཉལ་གོང་དུ་སོ་འཁྲུད་པ་དེ་ཧ་ཅང་གལ་ཆེའོ།ཨ་མས་ཕྲུ་གུ་དམར་འབྱར་ལ་ཟས་བྱིན་རྗེས། མཛུབ་མོར་སེང་རས་གཙང་མ་དཀྲིས་ནས་ཆུ་དྲོད་དུ་བསྒྲེས་རྗེས་ཕྲུ་གུའི་སོ་བཀྲུས་ན། ཕྲུ་གུའི་ནུ་སོ་ལ་སྲུང་སྐྱོང་བྱེད་ཐུབ། བྱིས་པས་སོ་འཁྲུད་དུས་ཐོག་མར་ཁྱིམ་བདག་གིས་རོགས་རམ་བྱེདདགོས་ལ། དེའི་རྗེས་སུ་རིམ་བཞིན་དུ་ཡང་དག་པའི་སོ་འཁྲུད་སྟངས་ཤེས་དགོས།

2. སོ་སྲིནཅི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན། བཟའ་ཆས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་དོ་སྣང་བྱེད་དགོས།

ཀ་ར་ནི་སོ་སྲིན་འབྱུང་བའི"གནོད་རྐྱེན"ཡིན་པ་ཚང་མས་ཤེས། སོ་སྲིན་འབྱུང་བ་སྔོན་འགོག་བྱེད་དགོས་ན་ངེས་པར་དུ་ཀ་ར་ཟ་ཚད་ལ་ཚོད་འཛིན་བྱེད་དགོས། ཟས་རིགས་རྩུབ་ཞིབ་སྙོམས་པོར་བསྲེ་དགོས་པ་དང༌། ཚི་སྣ་འདུས་པའི་ཚོད་མ་དང་སིལ་ཏོག་སོགས་འོས་འཚམ་ཞིག་ཟ་དགོས། བྱིས་པ་ལ་མཚོན་ན། ཟས་བཅུད་འོས་འཚམ་ཞིག་ཡིན་པར་མཉམ་འཇོག་དགོས། ལྷག་པར་ལིན་དང་ཀའེ། འཚོ་བཅུད་སོགས་འདུས་པའི་ཟས་རིགས་མང་པོ་ཟ་འོས་པ་རེད། དཔེར་ན་སྲན་སེར་དང་སྲན་རིགས་བཟོས་ཆསདང༌། རུས་པའི་ཤ་ཁུ། ཧའེ་ཏའེ། འོ་མ། ཚོད་མ་དང་སིལ་ཏོག་གསར་བ་ལ་སོགས་པའོ།། ཟས་རིགས་དེ་དག་ནི་སོ་སྐྱེ་འཕེལ་དང༌། ཀའེ་འགྱུར་བཅས་ལ་ཕན་པ་ཧ་ཅང་ཆེ། བྱིས་པས་ཟས་ཐུན་གཉིས་བར་མངར་ཟས་ཟ་དགའ་བའི་གོམས་གཤིས་དང༌། ལྷག་པར་མ་ཉལ་གོང་དུ་ཀ་ར་ཟ་དགའ་བའི་གོམས་གཤིས(སོ་ལ་གནོད་པ་ཆེས་ཆེ་བ)མེད་པར་བཟོ་དགོས་པར་མ་ཟད། ད་དུང་ཕྲུ་གུས་ནུ་འགོ་འཇིབ་པ་དང་ཡང་ན་ཁའི་ནང་ཀ་ར་བཟུང་ནས་ཉལ་དུ་འཇུག་མི་རུང༌། འབྱར་གཤིས་ཅན་གྱི་མངར་ཟས་དཔེར་ན་འོ་མའི་ཀ་ར་དང་སྒོ་ངའི་བག་ལེབ་སོགས་ཉུང་དུ་ཟ་དགོས།

3. སོ་སྲིན་ཅི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན། དུས་གཏན་དུ་ཁ་ལ་ཞིབ་བཤེར་བྱེད་དགོས།

དུས་རྒྱུན་དུ་རང་གིས་ཁ་ལ་ཞིབ་བཤེར་བྱེད་དགོས། ལོ་ཕྱེད་ཀ་ནས་ལོ་གཅིག་གི་ནང་སྨན་པ་ལ་ཞིབ་བཤེར་ཐེངས་ཤིག་བྱེད་དུ་འཇུག་དགོས། དུས་སྔ་མོར་སོ་སྲིན་ཡོད་པ་ཤེས་ན་དུས་ཐོག་ཏུ་སྨན་བཅོས་བྱས་ན་ལེགས། སོ་སྲིན་བྱུང་བའི་དུས་འགོར། ནད་པ་ལ་མི་བདེ་རྒྱུ་མངོན་གསལ་མེད། སོ་ན་བའི་སྐབས་ནི། སོ་སྲིན་ཇེ་ལྗིད་དུགྱུར་བའི་སྐབས་ཡིན། དེར་བརྟེན། དུས་གཏན་དུ་ཞིབ་བཤེར་བྱས་ནས། སྔར་མོ་ནས་སོ་སྲིན་ཤེས་པ་དང༌། སྔར་མོ་ནས་སྨན་བཅོས་བྱས་ན། སོ་མི་རུལ་པར་བྱེད་ཐུབ། སོ་ཆ་ཚང་བར་སྲུང་སྐྱོང་བྱེད་པ་ནི་ཧ་ཆང་གལ་ཆེ། ལོ་ཕྱེད་ཀ་ཙམ་ཡང་ན་ལོ་གཅིག་ཏུ་ཁ་ལ་ཞིབ་བཤེར་བྱེད་པ་དར་སྤེལ་བྱེད་དགོས།

བྱིས་པའི་ནུ་སོ་ལ་སོ་སྲིན་འབྱུང་སླ། ཁྱིམ་བདག་གིས་རྒྱུན་པར་བྱིས་པའི་སོ་ལ་ཞིབ་བཤེར་བྱེད་པ་དང༌། སོ་སྲིན་ཡོད་པ་ཤེས་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

4. སོ་སྲིན་ཅི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན། ཧྥོ་འདུས་པའི་སོ་སྨན་བཀོལ་དགོས།

ཧྥོ་ཡིས་སོ་སྲིན་སྔོན་འགོག་བྱེད་ཐུབ། ཚན་རིག་ཞིབ་འཇུག་གིས་ཡོངས་ཁྱབ་ཏུ་ཧྥོ་འདུས་པའི་སོ་སྨན་བཀོལ་ན་སོ་སྲིན་ནད་འབྱུང་ཚད་ཇེ་ཉུང་དུ་གཏོང་བའི་རྒྱུ་མཚན་གཙོ་བོ་ཞིག་ཡིན་པ་ར་སྤྲོད་བྱས་པས། ཧྥོ་འདུས་པའི་སོ་སྨན་བཀོལ་ནས་སོ་འཁྲུད་པའི་གྲོས་གཞི་བཏོན། སྤྱིར་བཏང་དུ་མི་དར་མས་སོ་འཁྲུད་ཐེངས་རེར་སོ་སྨན1g(10mm)ཡས་མས་བཀོལ་ཆོག་པ་སྟེ། ཧྥོ1mgའདུས་ཡོད། སློབ་ན་མ་སོན་པའི་བྱིས་པའི་མིད་ནུས་སྐྱེ་འཕེལ་དེ་འདྲ་མི་ལེགས་པ་དང༌། ལོ6མ་ལོན་པའི་བྱིས་པའི་གཏན་ སོའི་སོ་རྙིལ་ནི་གཏེར་འགྱུར་དུས་རིམ་ཡིན་པས། ཧྥོ་བཀོལ་བ་མང་དྲགས་ན་ཧྥོ་སོ་ནད་འབྱུང་སྲིད། དེར་བརྟེན། སློབ་ན་མ་སོན་པའི་བྱིས་པས་ཧྥོ་འདུས་པའི་སོ་སྨན་བཀོལ་དུས་ཁྱིམ་བདག་གམ་ཡང་ན་ལྟ་སྐུལ་པས་རོགས་རམ་དང་ལྟ་སྐུལ་བྱེད་དགོས། ཧྥོ་འདུས་པའི་སོ་སྨན་བཀོལ་ན་ཉིན་རེར་ཐེངས3དང༌། ཐེངས་རེར0.5gའམ5mm(མང་ཉུང་སྲན་མ་གཅིག་དང་འདྲ)ལས་མང་མི་ཉན། སོ་འཁྲུད་དུས་མིད་མི་ཉན། སོ་འཁྲུད་ཚར་རྗེས་ཆུ་གཙང་མས་ཁ་བཤལ་དགོས།

5. སོ་སྲིན་ཅི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན། བུ་ག་སྦྱར་བ།

བུ་ག་སྦྱར་བ་ནི་མི་ལུས་ལ་གནོད་པ་མེད་པའི་ནུས་ལྡན་ཧྥུན་ཙི་མཐོན་པོ་འདུས་པའི་ཤིང་ཚིལ་བཀོལ་ནས། སོ་འདེབས་པའི་རྒྱ་གྲམ་དབྱིབས་ཀྱི་བུ་གའི་ནང་དུ་སྦྱར་བ་དང༌། ཤིང་ཚིལ་གྱི་གཤེར་ཁུ་སོའི་ངོས་སུ་ཡོད་པའི་བུ་གའི་སྲུབས་ཀར་སིམ་ནས་འོད་འཕྲོགས་པ་དང་སྲ་བརྟན་དུ་གྱུར་བ་དེ་ཡིན། དེ་ནི་སོ་ལ་སྲུང་སྐྱོང་གོན་ཆས་ཤིག་བསྐོན་པ་དང་འདྲ་བས། སོ་ལ་ཟས་རིགས་ཀྱིས་གནོད་པ་བྱེད་མི་ཐུབ་ལ། སོས་སོ་སྲིན་འགོག་པའི་ནུས་པ་ཇེ་ཆེར་བཏང་ནས། སོ་སྲིན་འབྱུང་བར་སྔོན་འགོག་བྱེད་ཐུབ་པའི་ནུས་ལྡན་ཐབས་ལེགས་པོ་ཞིག་ཡིནནོ།།

བུ་ག་སྦྱར་བར་འཚམ་པའི་ལོ་ཚོད་ནི། ནུ་སོ་འཆའ་བའི་ལོ3-4དང༌། གཏན་སོ་འཆའ་བ་དང་པོ་ལོ6-7 གཏན་སོ་འཆའ་བ་གཉིས་པ་ལོ6-7 སོ་རྩེ་ཆ་ལོ9-13ཡིན། ཁའི་འཕྲོད་བསྟེན་མི་ལེགས་པའི་དབང་པོ་སྐྱོན་ཅན་བྱིས་པ་ལ་མཚོན་ན། ལོ་ཅུང་ཙམ་ཆེ་ཞིང་སོ་སྐྱེས་པའི་དུས་ཚོད་འགོར་བས། བུ་ག་སྦྱར་པའི་ལོ་ཚོད་ཅུང་ཙམ་ཆེར་བཏང་ཆོག