17
Mon, Jun
18 New Articles

འཛམ་གླིང་གི་ཐ་མག་འཐེན་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཁག

འཕྲོད་བསྟེན་ཤེས་བྱ།
Typography

ཐ་མག་ཚོད་འཛིན་བྱེད་པ་དེ་འཛམ་གླིང་རང་བཞིན་གྱི་དོན་ཆེན་ཞིག་ཏུ་གྱུར་འདུག

ཉེ་ལམ། འཛམ་གླིང་དཔལ་འབྱོར་གླེང་སྟེགས (Agenda) ཞིབ་འཇུག་ལྟེ་གནས་ཀྱིས《དུ་འཐེན་ས་རིས》(Tobacco Atlas)ཀྱི་སྙན་ཞུ་ཆེས་གསར་བ་དེ་དྲངས་བ་ལས། ༢༠༡༤ ལོར་འཛམ་གླིང་གི་ཐ་མག་འཐེན་ཚད་ཆེས་མཐོ་བའི་རྒྱལ་ཁབ་བཅུའི་ཁྲོད། ཡ་གླིང་རྒྱལ་ཁབ་ཀྱིས་མང་དུ་ཟིན་ཡོད་པ་དང་། རྒྱ་ནག་ནི་ཨང་རིམ་དང་པོར་གནས་ཡོད་པ། དེ་མིན། ༢༠༡༤ ལོར། འཛམ་གླིང་གི་ཐ་མག་འཛད་སྤྱོད་སྤྱི་གྲངས་ནི་རྐང་ཐུར་དུང་ཕྱུར་ཁྲི་ཚོ ༥.༨ ཡིན་ལ། རྒྱ་ནག་ཐ་མག་འཛད་སྤྱོད་ཚད་གཞན་སྔོན་དུ་ཟིན་པའི་རྒྱལ་ཁབ ༢༩ ཡི་སྤྱི་གྲངས་ལས་བརྒལ་བ་དང་། ཡོང་འབབ་འབྲིང་ཙམ་དང་དམའ་བའི་རྒྱལ་ཁབ་ཡོངས་ཀྱི་ཐ་མག་འཛད་སྤྱོད་ཀྱི་སྡོམ་གྲངས་ལས་མཐོ་བ་བཀོད་འདུག

༢༠༡༤ ལོའི 《དུ་འཐེན་ས་རིས》 ལས་མངོན་པའི་རྒྱལ་ཁབ་སྔོན་མ་བཅུ་ནི་རིམ་པ་ལྟར། རྒྱ་ནག་དང་། ཨུ་རུ་སུ། ཨ་རི། ཧིན་ཉི། ཉི་ཧོང་། འཇར་མན། རྒྱ་གར། ཏུར་ཁེ། ལྷོ་ཁོ་རེ་ཡ། ཝེད་ནམ་བཅས་ཡིན་ལ། ཡ་གླིང་རྒྱལ་ཁབ་ཀྱིས་ཕྱེད་ཙམ་ཟིན་འདུག ང་ཚོས་འདིར་རྒྱལ་ཁབ་འདི་དག་གི་ཐ་མག་འཐེན་ཚད་ལ་རེ་རེ་བཞིན་རྒྱུས་ལོན་ཞིག་བྱེད། (དོན་གྲངས་འདི་ནི་འཛམ་གླིང་དཔལ་འབྱོར་གླེང་སྟེགས《དུ་འཐེན་ས་རིས》ཀྱི་གཞུང་ཕྱོགས་དྲ་བ་ལས་ཐོན་པ་དང་། སྡོམ་རྩིས་དུས་ཚོད་ནི ༢༠༡༣ ལོ་དང་། ལ་ལ་ནི ༢༠༡༠ ལོར་བཀོད་པ་ཡིན) ༢༠༡༤ ལོར། རྒྱ་ནག་ནི་འཛམ་གླིང་གི་ཐ་མག་འཐེན་མཁན་ཆེས་མང་བའི་རྒྱལ་ཁབ་དེ་ཡིན་ལ། ལོ་རེར་ཧ་ལམ་མི་ཁྲི་ཚོ ༡༤༠ ནི་འབྲེལ་ཡོད་ཀྱི་ནད་ཡམས་བྱུང་སྟེ་རྐྱེན་ལམ་དུ་ཤོར་བཞིན་འདུག 《དུ་འཐེན་ས་རིས》ལས་སྡོམ་རྩིས་ལྟར་ན། ཀྲུང་གོར་ཧ་ལམ་མི་དུང་ཕྱུར ༢.༧༦ གིས་རྒྱུན་པར་ཐ་མག་འཐེན་བཞིན་པ་དང་། ཧིན་ཉིའི་མི་གྲངས་ཡོངས་ཀྱི་སྟེང་ད་དུང་ཁྲི་ཚོ ༢༡༠༠ བསྣན་པ་དང་མཚུངས། རྒྱ་ནག་སྐྱེས་པའི་ཁྲོད། ནད་ཡམས་ཕོག་པས་རྐྱེན་ལམ་དུ་ཤོར་བ་ལས། བརྒྱ་ཆའི ༢༠ ལ་ཉེ་བ་ནི་ཐ་མག་གིས་བཟོས་པ་ཡིན་ལ། དེ་ལས་བུད་མེད་ཀྱི་ཤི་ཚད་བརྒྱ་ཆའི ༡༠ ལས་བརྒལ་ཡོད་པ་དང་། ནར་མ་སོན་པའི་སྐྱེས་པའི་ཁྲོད་ཐ་མག་འཐེན་མཁན་བརྒྱ་ཆའི ༡༨ འདུག

ཨུ་རུ་སུ་ནི་ཐ་མག་འཛད་སྤྱོད་བྱས་པ་ཆེས་མང་བའི་རྒྱལ་ཁབ་ཤིག་ཡིན་ལ། འཛམ་གླིང་རྒྱལ་ཁབ་ཀྱི་ཨང་རིམ་གཉིས་པར་གནས་འདུག སྐྱེས་ཕོ་མོ་ཀུན་གྱིས་ཐ་མག་འཐེན་པའི་རྒྱལ་ཁབ་འདིར། ལོ་རེར་མི་ཁྲི་ཚོ ༣༩ ནི་ཐ་མག་འཐེན་པས་འབྲེལ་ཡོད་ནད་ཡམས་གང་མང་ཕོག་སྟེ་རྐྱེན་ལམ་དུ་ཤོར་བཞིན་པ་དང་། ཡོང་འབབ་མཐོ་བའི་རྒྱལ་ཁབ་ཁྲོད་ཀྱི་ཐ་མག་དབང་གིས་ཤི་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཀྱང་ཡིན་ལ། སྐྱེས་པའི་ཤི་ཚད་ནི་བརྒྱ་ཆའི ༢༨.༣ དང་། བུད་མེད་ནི་བརྒྱ་ཆའི ༡༠ ལ་ཉེ་བར་འདུག

ཨ་རི་ནི་འཛམ་གླིང་སྟེང་འཕེལ་རྒྱས་ཆེས་མགྱོགས་པ་དང་། མི་གྲངས་འདུས་ཚད་ཆེས་མཐོ་བའི་རྒྱལ་ཁབ་གྲས་གཅིག་ཡིན། ཨ་རིར་ལོ་རེར་ཐ་མག་འཐེན་པས་རྐྱེན་ལམ་དུ་ཤོར་མཁན་མི་ཁྲི་ཚོ ༤༦.༧ དང་། ཐ་མག་འཐེན་མཁན་ཁྲི་ཚོ ༤༠༥༠ ཡོད་ལ། མི ༡༠༠༠ གི་ནང་མི ༤ ནི་ནར་མ་སོན་མཁན་རེད། སྐྱེས་པའི་ཐ་མག་འཐེན་པའི་ཤི་ཚད་ནི་རྒྱ་ནགདང་ཨུ་རུ་སི་ལས་ཉུང་རུང་། བུད་མེད་ཀྱི་ཤི་ཚད་ནི་བརྒྱ་ཆའི ༡༥.༨ དང་། ཨང་རིམ་དང་པོར་ཟིན་འདུག

ཧིན་ཉི་ནི་ཨང་རིམ་བཞི་བ་ཡིན། ཐ་མག་འཐེན་པས། ལོ་རེར་ཧ་ལམ་མི་ཁྲི་ཚོ ༢༡.༧ ནི་འབྲེལ་ཡོད་ཀྱི་ནད་ཡམས་དབང་གིས་རྐྱེན་ལམ་དུ་ཤོར་བཞིན་པ་དང་། རྒྱུན་པར་ཐ་མག་འཐེན་མཁན་གྱི་མི་གྲངས་ནི་ཁྲི་ཚོ ༥༦༤༤ ལས་བརྒལ་འདུག ཡང་ནར་མ་སོན་མཁན་ཁྲོད་ཐ་མག་འཐེན་མཁན་ནི་ཁྲི་ཚོ ༢༦༧.༧ ཡོད་ལ། བརྒྱ་ཆའི ༤.༧ ཟིན་པ་དང་། སྐྱེས་པའི་ཁྲོད་ནར་མ་སོན་པས་བརྒྱ་ཆའི ༤༡ ཟིན་འདུག

ཉི་ཧོང་ནི་འཛམ་གླིང་སྟེང་གི་ཆེས་གཙང་དག་པའི་རྒྱལ་ཁབ་ཡིན་རུང་། ཐ་མག་འཛད་སྤྱོད་ཚད་ཀྱང་མཐོ་པོ་འདུག ལོ་རེར་མི་ཁྲི་ཚོ ༡༦.༡ ནི་ཐ་མག་འཐེན་པས་རྐྱེན་ལམ་དུ་ཤོར་བ་དང་། བརྒྱ་ཆའི ༣༣.༥ ཡི་སྐྱེས་པ་དང ༡༡.༢ ཡི་བུད་མེད་ཀྱིས་འཇར་མན་གྱི་ཁྲི་ཚོ ༢༥༣༢ ཀྱི་ཐ་མག་འཐེན་མཁན་གྱི་མི་གྲངས་གྲུབ་འདུག རྒྱ་གར་ནི་མི་གྲངས་མང་པའི་རྒྱལ་ཁབ་ཅིག་ཡིན་ལ། ཐ་མག་འཐེན་པས་རྐྱེན་ལམ་དུ་ཤོར་མཁན་མང་པོ་བྱུང་བའི་རྒྱལ་ཁབ་ཀྱི་གྲས་མིན་རུང་། ཐ་མག་འཐེན་མཁན་ནི་ཤིན་ཏུ་མང་། སྡོམ་རྩིས་ལྟར་ན། ཧིན་རྡུའི་ཉིན་རེའི་ཐ་མག་འཐེན་མཁན་གྱི་མི་གྲངས་ནི་དུང་ཕྱུར ༡.༢ ཡིན་པ་དང་། ཧྥི་ལི་ཕིན་གྱི་མི་གྲངས་སྤྱི་ལས་ཀྱང་མང་། བྱིས་པའི་ཁྲོད་ཀྱང་ཐ་མག་འཐེན་མཁན་ཁྲི་ཚོ ༢༥༤ འདུག

ཏུར་ཁེ་ནི་ཨང་རིམ་བདུན་པ་ཡིན། ཐ་མག་འཐེན་པས། ལོ་རེར་མི་ཁྲི་ཚོ ༨ ནི་འབྲེལ་ཡོད་ཀྱི་ནད་ཡམས་བྱུང་སྟེ་རྐྱེན་ལམ་དུ་ཤོར་བཞིན་པ་དང་། ཧ་ལམ་མི་ཁྲི་ཚོ ༡༤༧༨ ཀྱིས་རྒྱུན་པར་ཐ་མག་འཐེན་བཞིན་འདུག ལྷོ་ཁོ་རེ་ཡའི་ས་ཁྱོན་ཆུང་བ་དང་། ཆང་རིག་གནས་ལ་ཁྱད་ཆོས་མངོན་གསལ་དང་ལྡན། ཡིན་ཡང་ཐ་མག་འཐེན་མཁན་སྔར་བཞིན་མང་པོ་ཡོད་ལ། དེའི་དབང་གིས་རྐྱེན་ལམ་དུ་ཤོར་མཁན་ཁྲི་ཚོ ༤.༤ འདུག སྡོམ་རྩིས་ལྟར་ན། ལྷོ་ཁོ་རེ་ཡའི་སྐྱེས་པའི་ཁྲོད་ཐ་མག་འཐེན་མཁན་ཀྱི་བསྡུར་ཚད་ནི་བརྒྱ་ཆའི ༤༢.༢ དང་། བདུན་ཕྲག་གཅིག་ནང་སྐྱེས་པ ༦༢༠ ནི་འབྲེལ་ཡོད་ནད་ཡམས་ཀྱི་དབང་གིས་རྐྱེན་ལམ་དུ་ཤོར་བཞིན་པ་དང་། རང་དང་མཉམ་པའི་འཕེལ་རྒྱས་རྒྱལ་ཁབ་དག་ལས་མཐོ།

ཝེད་ནམ་ནི་ཨང་རིམ་བཅུ་བ་དང་། ཐ་མག་འཐེན་པས། ལོ་རེར་མི་ཁྲི་ཚོ ༧.༢༨ རྐྱེན་ལམ་དུ་ཤོར་བ་དང་། སྐྱེས་པའི་ཁྲོད། ཐ་མག་འཐེན་མཁན་གྱིས་སྐྱེས་པ་ཡོངས་ཀྱི་བརྒྱ་ཆའི ༤༡.༢ ཟིན་པ་དང་། བུད་མེད་ཁྲོད་ཉིན་རེར་མི་ཁྲི་ཚོ ༥༦ གིས་ཐ་མག་འཐེན་བཞིན་འདུག་པས། རྒྱལ་ཁབ་ཀྱི་སྤྱིའི་བདེ་ཐང་གི་འཕེལ་ཕྱོགས་ཐད་ངན་རྐྱེན་ཆེན་པོ་བཟོས་འདུག

ཡོངས་ཁུངས་གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

 

 

གསལ་བསྒྲགས་ཀྱི་ས་མིག