14
Fri, Dec
21 New Articles

ཆང་དང་ཐ་མག

ཆེད་བསྒྲིགས།
Typography

མུ་མཐུད་དུ་ཆང་མང་པོ་འཐུང་ནས་ཚོར་བ་དེ་མ་རྙེད་བར་དུ་འཐུང་བ་རེད།

ལར་མི་སུ་ཞིག་ཡིན་རུང་རང་ཉིད་ཀྱི་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་ཁུལ་ཙམ་བྱེད་སྲིད་ཀྱང་། དོན་དངོས་དུ་བདེ་ཐང་ཤེས་བྱ་མེད་པས། ནད་དུག་མང་པོ་རང་གིས་དངོས་སུ་ཟ་བཞིན་ཡོད་པ་རེད། དཔེར་ན། ཐ་མག་འཐེན་ཞོར་དུ་ཆང་འཐུང་བའམ། ཡང་ན་ཆང་འཐུང་རྗེས་ཐ་མག་འཐེན་པའི་གོམས་གཤིས་ངན་པ་དེས། ཉིན་རེ་བཞིན་རང་གི་ཚེ་སྲོག་ལ་ཉེན་ཁ་བཟོ་བཞིན་ཡོད་པ་རེད། རྒྱུ་མཚན་ནི། ཐ་མག་གི་ནང་དུ་ཉི་ཀོ་ཐཱེན་(尼古丁)ཟེར་བའི་དུག་རྒྱུ་ཞིག་ཡོད་པ་རེད། དུག་རྒྱུ་དེས་མངོན་གསལ་དོད་པས། ཁྲག་གི་ནང་གི་ཆང་བཅུད་ཀྱི་གར་ཚད་དམའ་རུ་གཏོང་བས། ཐ་མག་འཐེན་ཞོར་དུ་ཆང་བཏུང་ན། ཆང་ལུས་ཡོངས་ཀྱི་ཁྲག་རྩ་ཀུན་དུ་ཁྱབ་ནས་སྦྲིད་པའི་ཚོར་བ་ཡམ་ཡོམ་དེ་མགྱོགས་པོར་ཚོར་མི་ཐུབ་པས། མུ་མཐུད་དུ་ཆང་མང་པོ་འཐུང་ནས་ཚོར་བ་དེ་མ་རྙེད་བར་དུ་འཐུང་བ་རེད། ད་དུང་ནེའི་ཀོས་ཏིན་གྱིས་ཆང་གི་གར་ཚད་དམའ་རུ་གཏོང་ཐུབ་རུང་། ཆང་བཅུད་དབྱེ་ཕྲལ་ཁྲོད་བྱུང་བའི་ཆོན་ཁ་བ(乙醛)ཉུང་དུ་གཏོང་མི་ཐུབ་པས། ཆོན་ཁ་བས་ཀླད་པ་དང་མཆིན་པ། སྙིང་ཁམས་སོགས་དབང་བོ་གཞན་དག་ལ་གནོད་པ་ཧ་ཅང་ཆེ། དེའི་ཕྱིར། ཆང་འཐུང་ཞོར་དུ་ཐ་མག་འཐེན་པ་དང་། ཆང་འཐུང་རྗེས་ཐ་མག་འཐེན་པའི་གོམས་གཤིས་ངན་པ་དེས་ལུས་པོའི་བདེ་ཐང་ལ་གནོད་པ་ནི། ཆང་རྐྱང་བ་འཐུང་བ་ལས་ཀྱང་ཆེ། 

གསལ་བསྒྲགས་ཀྱི་ས་མིག