སྤྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་གཏན་འབེབས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་ཉིན་མོ་ཞིག་ཡིན་པར་བརྟེན། དེ་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཞེས་སྲུང་བརྩི་ཞུ་གི་ཡོད།

ཉིན་མོ་དེ་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་དམར་གྱི་བཙན་གནོན་འོག་བོད་ནང་གཞིས་ལུས་སྤུན་ཟླར་འགྲོ་བ་མིའི་ཐབ་ཐང་མེད་པའི་དངོས་ཡོད་ཀྱི་གནས་ཚུལ་དག་འཛམ་གླིང་མི་མང་ལ་གསལ་སྟོན་བྱེད་པའི་ཉིན་མོ་ཞིག་ཏུ་སྲུང་བརྩི་ཞུ་གི་ཡོད། ཡང་དེའི་ཉིད་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནོ་ཝེའི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཚེས་གལ་ཆེན་ཞིག་ལ་སོང། དེ་ཉིན་བོད་གཞུང་མང་ཡོངས་ཀྱིས་གལ་ཆེའི་དུས་ཆེན་དུ་སྲུང་བརྩི་ཞུ་ཡི་ཡོད།